མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་རྒྱལ་ཁབ་ཀྱི་དྲག་ཆས་སྤྲས་པའི་སྡེ་མི་དང་ངོ་རྒོལ་དམག་མིའི་བར་དུ་འཁྲུག་རྩོད་བྱུང་ནས་མི30རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཱ་ལེ་རྒྱལ་ཁབ་ཀྱི་གསང་འཕྲིན་དཔོན་རིགས་ཤིག་གིས་ཚེས12ཉིན་བདེན་དཔང་བྱས་དོན། མཱ་ལེ་དང་བལ་པོའི་མཐའ་མཚམས་ཉེ་འདབས་ནས་ཉེ་སྔོན་དྲག་ཆས་སྤྲས་པའི་སྡེ་མི་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣའི་བར་དུ་འཁྲུག་རྩོད་བྱུང་ནས། མི30རྐྱེན་ལམ་དུ་ཤོར་ཟེར། 

 མིང་བཤད་མི་འདོད་པའི་དཔོན་རིགས་དེས་འཁྲུག་རྩོད་ནི་ས་དེའི་ཚེས10ཉིན་གྱི་ནམ་གུང་དང་ཚེས11ཉིན་གྱི་ཞོགས་པར་བྱུང་བ་རེད་ཅེས་བཤད།

ཁོས་བཤད་རྒྱུར། མི་སེར་བཅུ་བདུན་དང་ཨ་ཧྥེ་རི་ཁ་བྱང་མའི་ཐལ་སྐྱོད་རྩ་འཛུགས་མཐུན་སྒྲིལ་འཐབ་མཆོག་ལས་འགུལ་ཞེས་པ་དེའི་ཁོངས་མི13འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཟེར།

མཐུན་སྒྲིལ་འཐབ་མཆོག་ལས་འགུལ་ཞེས་པ་དེས2012ལོའི་དུས་ཚོད་མང་ཆེ་བར་མཱ་ལེའི་བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས་བདག་ཏུ་བཟུང་བ་དང་། རྟེན་གཞི་རྩ་འཛུགས་བར་འབྲེལ་བ་ཡོད། སྡེ་མི་དེ་དག་ནི་སྲིད་གཞུང་ལ་བློ་དཀར་བའི་རིགས་རྒྱུད་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག