མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་གྱི་ཐ་ལེ་པན་ལ་ངོ་རྒོལ་བྱེད་པའི་དང་བླངས་མཁན9དྲག་ཆས་མི་སྣས་བསད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཐ་ལེ་པན་ལ་ངོ་རྒོལ་བྱེད་མཁན་ཞིག་གི་སྡོད་ཁང་ལ་ཚེས12ཉིན་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ་སྐྱེས་པ9རྐྱེན་ལམ་དུ་ཤོར་ཟེར།

དྲག་ཆས་མི་སྣ20ལྷག་པའེ་ཧྲ་ཝ་སྡོད་ཁུལ་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་དུ་ཞུགས།

མཐོ་རིམ་ཉེན་རྟོག་དཔོན་པོ་ཝ་ཞི་ཏི་ཡིས་བཤད་རྒྱུར། ས་དེའི་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་ཕྱེད་ཀ་ཡས་མས་སུ། དྲག་ཆས་མི་སྣ་ཁང་པ་ཞིག་ཏུ་འཛུལ་ནས་མེ་མདས་བརྒྱབ་པ་མ་ཟད། ལག་འབོམ་འགས་གཏོར་བཏང་ནས། ཉུང་མཐར་ཡང་སྐྱེས་པ9བསད་པ་དང་། དེ་དག་ཚང་མ་ཐ་ལེ་པན་ལ་ངོ་རྒོལ་བྱེད་པའི་དང་བླངས་མཁན་ཏག་ཏག་རེད་ཟེར། 

 མིག་སྔར་ཕ་ཁི་སི་ཐན་སྲིད་གཞུང་དང་ཐ་ལེ་པན་གྱིས་གྲོས་མོལ་བྱས་ཏེ་ལོ་བདུན་རིང་རྒྱུན་བསྲིངས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་མཚམས་འཇོག་རྩིས་ཡོད།

སྲིད་གཞུང་གི་གྲོས་མོལ་མི་སྣ་ཞིག་གིས་ཚེས12ཉིན་བཤད་རྒྱུར། བདེ་འཇགས་ལ་ཁག་ཐེག་ཐོབ་པའི་ཆ་རྐྱེན་འོག ཐ་ལེ་པན་བར་འདུམ་པ་མེད་པར་ཐད་ཀར་དུ་སྲིད་གཞུང་ལ་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག