མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་སྐོར་གསུམ་པ་སི་རི་ཡ་ནས་ཕྱིར་བསྐྱལ་བར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་དྲ་བས་རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་ཀྱི་གསལ་བསྒྲགས་དྲངས་ཏེ་བསྒྲགས་པ་ལྟར་ན། སི་རི་ཡའི་རྫས་འགྱུར་མཚོན་ཆ་སྐོར་གསུམ་པ་སི་རི་ཡ་ནས་ཕྱིར་བསྐྱལ་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཏེམ་མག་རྒྱལ་ཁབ་ཀྱི་ཨར་ཁི་ཧྥུའུ་ཐུའུ་ལཱ་རྟགས་ཅན་དང་ནོར་ཝེ་རྒྱལ་ཁབ་ཀྱི་ཐཱ་དབྱི་ཁི་རྟགས་ཅན་གྱི་གྲུ་གཟིངས་ཀྱིས་ལཱ་ཐཱ་ཅི་ཡ་གྲུ་ཁ་ནས་སི་རི་ཡའི་རྫས་འགྱུར་མཚོན་ཆ་བསྐྱལ་བ་དང་། ཟླ་དང་པོའི་ཚེས་བདུན་ཉིན་ནས་ད་བར་དུ་ཐེངས་གཉིས་ལ་དྲུད་སོང་ཟེར།

རྫས་འགྱུར་མཚོནཆ་བཀག་འགོག་རྩ་འཛུགས་ཀྱི་ཆེས་ཐོག་མའི་འཆར་གཞི་ལྟར་ན། དུག་གནོད་ཆེ་བའི་རྫས་འགྱུར་མཚོན་ཆ2013ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་སི་རི་ཡ་ནས་ཕྱིར་བསྐྱལ་དགོས་མོད། ཡིན་ནའང་སི་རི་ཡའི་གནས་བབ་བརྟན་འཇགས་མིན་པས་དུས་ལྟར་དུ་ཕྱིར་བསྐྱལ་མ་ཐུབ།

དེའི་རྗེས་སུ་རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་ཀྱིས་བསྒྱུར་བཅོས་བྱས་པའི་འཆར་གཞི་ལྟར་ན། དུག་གནོད་ཆེ་བའི་རྫས་འགྱུར་མཚོན་ཆ་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ་སི་རི་ཡ་ནས་ཕྱིར་བསྐྱལ་དགོས་པ་དང་།2014ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་སི་རི་ཡའི་རྫས་འགྱུར་མཚོན་ཆ་ཡོངས་རྫོགས་བརླག་དགོས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག