མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་སྲིད་གཞུང་དམག་གིས་ངོ་རྒོལ་ཕྱོགས་ཁག་གིས་ཚེས་བཅུ་ཉིན་མི་སེར་ཞེ་གཉིས་བསད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་ཏ་མ་སི་ཁོ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་དམག་དཔུང་དང་དྲག་ཆས་སྟོབས་ཤུགས་དམག་སྤྱི་པུའུ་ཡིས་ཚེས10ཉིན་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གིས་ཉིན་དེའི་སྔ་མོར་དབུས་ཕྱོགས་ཀྱི་ཞིང་ཆེན་ཧ་མ་ནས་འཇབ་རྒོལ་བྱས་ཏེ། བུད་མེད་དང་བྱིས་པ། རྒན་པ་བཅས་མི42བསད་ཟེར།

སི་རི་ཡའི་དམག་དཔུང་གི་དམག་སྤྱི་པུའུ་ཡིས་བཤད་རྒྱུར། ཧ་མ་ལ་འཇབ་རྒོལ་བྱེད་མཁན་གྱི་ངོ་རྒོལ་ཕྱོགས་ཁག་ནི་རྒྱབ་སྐྱོར་འཐབ་ཕྱོགས་ཞེས་པ་དེ་ཡིན་ལ། ཁོ་ཚོས་ཉིན་དེར་ཧ་མ་ཞིང་ཆེན་གྱི་མཱ་ཨན་སྡེ་བ་བཙན་བཟུང་བྱས་པ་མ་ཟད། འཇབ་རྒོལ་བྱེད་སྐབས་མི་སེར་ཞེ་གཉིས་བསད་ཟེར། གསལ་བསྒྲགས་ནང་དུ་རྒྱབ་སྐྱོར་འཐབ་ཕྱོགས་ཀྱིས་འཇབ་རྒོལ་བྱེད་སྐབས་མཚོན་ཆ་སྣ་མང་བཀོལ་ནས། ཁང་པ་མང་པོ་མེར་བསྲེགས་པའམ་བརླགས་པ་མ་ཟད། སྡོད་དམངས་ཚང་མ་ཁྱིམ་ནས་ཕྱིར་བདའ་ཞེས་བཀོད་ཡོད།

སི་རི་ཡའི་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དམར་གསོད་བཏང་བའི་མང་ཚོགས་ཁ་ཤས་ནི་ཨ་ལཱ་ཝེ་ཕྱོགས་ཁག་གི་མུའུ་སི་ལིན་ཡིན་པ་དང་། ཁོ་ཚོས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པས་རྒྱབ་སྐྱོར་འཐབ་ཕྱོགས་ཞེས་པ་དེས་དམར་གསོད་བཏང་བ་རེད་ཟེར།

སི་རི་ཡའི་དམག་ཕྱོགས་ཀྱིས་རྒྱབ་སྐྱོར་འཐབ་ཕྱོགས་ཀྱིས་མི་སེར་བསད་པ་དེ་ནི་གདུག་རྩུབ་ཀྱི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། དེར་རྣམ་སྨིན་འཁོར་ངེས། སི་རི་ཡའི་སྲིད་གཞུང་གིས་ད་ལྟ་སི་རི་ཡའི་མི་དམངས་སྡུག་བསྔལ་ལས་ཐར་བར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།

སི་རི་ཡའི་གནད་དོན་གྱི་ཕྱོགས་གིས་ཀྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ཉིན་དེར་རི་ནེ་ཝའི་ཁྲི་རྒྱལ་ཕོ་བྲང་ནས་མགོ་བརྩམས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱི་སི་རི་ཡའི་ཉམས་ཉེན་ཐད་ཀྱི་དམིགས་བསལ་འཐུས་མི་པུའུ་ལ་ཞི་མུས་ཀྱི་བར་འདུམ་འོག ཕྱོགས་གཉིས་ཀྱི་གྲོས་གཞིའི་ནང་གི་གཅིག་ནི་སི་རི་ཡའི་ས་ཆ་ཁ་ཤས་ནས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དེ་རེད།

སི་རི་ཡའི་ཕྱོགས་སོ་སོས་ཚེས་དྲུག་ཉིན་གྲོས་ཆོད་བཀོད་དེ། གནས་སྐབས་སུ་དམག་འཁྲུག་རྒྱག་མཚམས་བཞག་ནས་ཉེན་ཁར་ཐུག་པའི་ཧོ་མུའུ་སི་མཁར་རྙིང་གི་སྡོད་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་རྒྱུ་མ་ཟད། མི་སེར་དམག་འཁྲུག་རྒྱག་ས་ནས་ཕྱིར་འཐེན་བྱེད་དུ་འཇུག་རྒྱུའི་ཐག་བཅད། ཚེས་བཅུ་ཉིན་བར་དུ་མི་སེར1860ལྷག་སྔ་གཞུག་ཏུ་ཕྱིར་འཐེན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐོར་གཉིས་ཧོ་མུའུ་སི་མཁར་རྙིང་དུ་བསྐྱལ།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག