མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་འཁྲུག་རྩོད་བྱུང་བའི་ཕྱོགས་གཉི་གས་སྐོར་ཐེངས་གཉིས་པའི་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས10ཉིན་ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ཚེས་དགུ་ཉིན་རི་ནེ་ཝ་རུ་ཐོན་ནས། ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་དང་མཉམ་དུ་སི་རི་ཡའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་ཞུགས་ཟེར།

སི་རི་ཡའི་རྒྱལ་ཡོངས་མནའ་འབྲེལ་གྱི་འབྲེལ་ཡོད་མི་སྣས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པ་ཡང་རི་ནེ་ཝ་རུ་འབྱོར་ཡོད་ཅེས་བཤད། གཞན་ཡང་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་སྲིད་གཞུང་གི་འཐུས་ཚབ་ཚབ་ཚོགས་པའི་ཁོངས་མི་ཉིན་དེར་ལྟག་སྒོ་ནས་ཏི་ལ་ཕ་སི་མགྲོན་དུ་འཛུལ་བ་དང་། གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་མ་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིར་སི་རི་ཡའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོའི་འགན་ཁུར་མཁན་ནི་སྔར་བཞིན་སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཨ་ལེ་མུའུ་རེད་ཟེར།

དེའི་སྔོན་ལ་སི་རི་ཡའི་འཁྲུག་རྩོད་བྱུང་བའི་ཕྱོགས་གཉིས་ཀྱི་སྐོར་ཐེངས་དང་པོའི་ཞི་བའི་གྲོས་མོལ་དེ་ཟླ་དང་པོའི་ཚེས་སོ་གཅིག་ཉིན་རི་ནེ་ཝ་ནས་སྤེལ་བ་དང་། དུས་ཡུན་གཟའ་འཁོར་གཅིག་རིང་གི་གྲོས་མོལ་ལ་གྲུབ་འབྲས་ཕྲན་ཙམ་ལས་མ་ཐོབ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱམ་སི་རི་ཡའི་གནད་དོན་ཐད་ཀྱི་དམིགས་བསལ་འཐུས་མི་པུའུ་ལ་ཞི་མུས་ཀྱིས་ཀྱང་སི་རི་ཡའི་དབང་འཛིན་ལས་ཁུངས་དང་ངོ་རྒོལ་ཕྱོགས་ཁག་བར་གྱི་གྲོས་མོལ་དེ་ནི་མགོ་འཛུགས་དཀའ་ལ་གོང་འཕེལ་ཆེན་པོ་མེད་ཅེས་བཤད་པ་དང་། དོན་དངོས་སུ་ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པ་གནད་དོན་གང་གི་ཐད་ནས་ཀྱང་ལྟ་བ་གཅིག་མཐུན་བྱུང་མེད།

ངོ་རྒོལ་ཕྱོགས་ཁག་གིས་དབང་འཛིན་ལས་ཁུངས་ཕྱིར་སྣུར་གོམ་གང་ཡང་མ་བྱས་ལ། བར་བརྒལ་སྲིད་གཞུང་གི་ཁོངས་མིའི་མིང་ཐོ་དང་ཚད་གཞི་ལ་གྲོས་སྡུར་བྱེད་རྩིས་མི་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། སི་རི་ཡའི་དབང་འཛིན་ལས་ཁུངས་ཀྱིས་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པའི་ཁོངས་མིའི་གྲུབ་ཚུལ་ལ་མ་དགའ་བའི་ཚུལ་བསྟན་པ་མ་ཟད། ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པའི་ཁོངས་མི་ཇེ་མང་དུ་གཏོང་དགོས་པའི་རེ་བ་བཏོན།

དེས་མི་ཚད་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་གྱི་ཉིན་དང་པོར་རྒུད་སྐྱོབ་རྩ་འཛུགས་ཀྱིས་སི་རི་ཡའི་དབུས་ཕྱོགས་ཀྱི་ཧོ་མུའུ་སི་ཞིང་ཆེན་གྱི་ཧོ་མུའུ་སི་མཁར་རྙིང་ནས་ཉེན་ཁར་ཚུད་པའི་མི་སེར600དང11ཕྱིར་འཐེན་བྱས།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་བར་བཀོད་པའི་མི་སེར་ཧོ་མུའུ་སི་མཁར་རྙིང་ནས་ཕྱིར་འཐེན་བྱེད་ཆེད་གནས་སྐབས་སུ་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་གཞིར་བཟུང་ནས། སྐོར་གཉིས་པའི་མི་སེར611ཡང་ཉིན་དེར་བདེ་འཇགས་ངང་ཕྱིར་འཐེན་བྱས། དེ་དང་མཉམ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་རྫས་སྐོར་ཞིག་ཧོ་མུའུ་སི་མཁར་རྙིང་ལ་བསྐྱལ་ནས་ས་དེ་རུ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག