མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྲོས་ཁང་གིས་དབྱི་སི་རལ་ཡུག་ཐེ་རྒྱལ་ཁབ་ཁས་མི་ལེན་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་རྒྱལ་ཁབ་ཀྱི་དམངས་གྲོས་ཁང་གིས་ཚེས་བརྒྱད་ཉིན་ཨན་མན་ནས་གསལ་བསྒྲགས་སྤེལ་ཏེ། ཅོར་ཏན་གྲོས་ཁང་གིས་དབྱི་སི་རལ་ཡུག་ཐེ་རྒྱལ་ཁབ་ཁས་མི་ལེན་ཞེས་བཤད་པ་མ་ཟད། ཅོར་ཏན་གྱི་ཕ་ལེ་སི་ཐན་གནད་དོན་ཐད་ཀྱི་ལངས་ཕྱོགས་ནི་ཧ་ཅང་བརྟན་པོ་ཡིན་ཏེ། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱེད་པ་དང་། ཡུག་ཐེ་བའི་རིགས་རྒྱུད་དབྱི་སི་རལ་རྒྱལ་ཁབ་ཁས་མི་ལེན་ཞེས་ནན་གྱིས་བསྟན།

ཅོར་ཏན་དམངས་གྲོས་ཁང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་ཟླ་དྲུག་པར་གཏན་ཁེལ་བྱས་པའི་མཐའ་མཚམས་ས་རྟགས་གཞིར་ལྟར་དུ། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཨ་རབ་ཞི་བདེའི་གྲོས་གཞི་གཞིར་བཟུང་ནས། ཡེ་ལུའུ་ས་ལུན་ཤར་མ་རྒྱལ་ས་ཡིན་ཞིང་། བདག་དབང་ཡོད་ཚད་ཡོད་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་འོས་ཞེས་ནན་གྱིས་བཤད། གསལ་བསྒྲགས་ནང་དུ་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པ་དང་ཕ་ལེ་སི་ཐན་གྱི་མངའ་ཁོངས་སུ་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ། ཡུལ་གྱར་བ་ཕྱིར་ལོག་པ་དང་དེར་སྐྱིན་ཚབ་སྤྲོད་པ་སོགས་ཐད་དུ་འབད་བརྩོན་བྱེད་པར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས་ཡོད།

གསལ་བསྒྲགས་ནང་དུ་ཕ་ལེ་སི་ཐན་གནད་དོན་མཇུག་མཐར་ཐག་གཅོད་ན་ངེས་པར་དུ་ཡུལ་གྱུར་བ་དང་ཡེ་ལུའུ་ས་ལུན་གྱི་བདག་དབང་། བདེ་འཇགས། མཐའ་མཚམས། ཡུག་ཐེ་བ་གཏན་སྡོད་བྱེད་ས། ཆུའི་ཐོན་ཁུངས་སོགས་ཀྱི་གནད་དོན་ཐག་གཅོད་དགོས་ལ། གནད་དོན་འདི་དག་ཚང་མ་ཅོར་ཏན་གྱི་ཆེས་མཐོའི་ཁེ་ཕན་དང་དམ་དུ་སྦྲེལ་ཡོད་པས། ཐག་གཅོད་ལེགས་པོ་མ་བྱས་ན་ཅོར་ཏན་གྱི་བདེ་འཇགས་དང་མངའ་ཁོངས་ཆ་ཚང་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཅེས་ནན་གྱིས་བཤད་ཡོད།

གསལ་བསྒྲགས་ནང་དུ་ད་དུང་ཕ་ལེ་སི་ཐན་གྱི་ཡུལ་གྱར་བ་ཕྱིར་ཁྱིམ་གཞིས་སུ་ལོག་པའི་དབང་ཆར་ཁག་ཐེག་བྱེད་དགོས་པར་མ་ཟད། ཁོ་ཚོར་སྐྱིན་ཚབ་སྤྲོད་དགོས་ཞེས་ནན་གྱིས་བཤད་ཡོད། གསལ་བསྒྲགས་ནང་དུ་ཡེ་ལུའུ་ས་ལུན་ནི་དབྱི་སི་ལན་དང་ཡེ་ཤུ་ཆོས་ལུགས་ཀྱི་གནས་མཆོག་ཅིག་ཡིན་པས། དབྱི་སི་རལ་གྱིས་ཡེ་ལུའུ་ས་ལུན་ནས་སྤེལ་བཞིན་པའི་འགུལ་སྐྱོད་ཐམས་ཅད་ལ་ངོ་རྒོལ་བྱེད་པ་ཡིན་ཞེས་བསྟན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག