མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གཉི་གས་རི་ནེ་ཝའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་ཞུགས་རྒྱུའི་ཐག་བཅད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་མུའུ་ཁི་ཏ་ཏི་ཡིས་ཚེས7ཉིན་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁ་གཉི་ག་ཟླ2པའི་ཚེས10ཉིན་རི་ནི་ཝ་ནས་འཚོགས་རྒྱུ་ཡིན་པའི་སི་རི་ཡའི་གནད་དོན་གྱི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་སྐོལ་ཞུགས་རྒྱུ་ཡིན་ཟེར།

མུའུ་ཁི་ཏ་ཏི་ཡིས་སི་རི་ཡའི་འཐུས་ཚབ་ཚོགས་པས་རི་ནེ་ཝའི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་ཞུགས་རྒྱུའི་ཐག་བཅད་ཡོད་ཅེས་བཤད།

དེའི་སྔོན་ལ། སི་རི་ཡའི་འཁྲུག་རྩོད་ཕྱོགས་གཉིས་ཀྱི་སྐོར་ཐེངས་དང་པོའི་ཞི་བའི་གྲོས་མོལ་དེ་ཟླ1པོའི་ཚེས31ཉིན་རི་ནེ་ཝ་ནས་གྲོལ་བ་དང་། དུས་ཡུན་གཟའ་འཁོར་གཅིག་ཙམ་གྱི་གྲོས་མོལ་ལ་གྲུབ་འབྲས་ཆུང་ངུ་ཙམ་མ་གཏོགས་མ་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག