མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་གྱི་ཐ་ལེ་པན་གྱི་འཐུས་མིས་ཕ་ཁི་སི་ཐན་སྲིད་གཞུང་དང་ཞི་བའི་གྲོས་མོལ་བྱེད་མཚམས་བཞག་པ་ཡིན་ཞེས་བསྒྲགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་སྲིད་གཞུང་དང་ཐ་ལེ་པན་གྱི་གྲོས་མོལ་འཐུས་མིའི་ལོ7རིང་གི་ཞི་བའི་གྲོས་མོལ་ཐོག་མ་དེ་ཉིན་དང་པོར་བར་ཆད་དང་འཕྲད་ལ། དེའི་རྒྱུ་མཚན་ནི་ཐ་ལེ་པན་གྱི་འཐུས་མི་ཞིག་ཟླ2པའི་ཚེས7ཉིན་གློ་བུར་དུ་གྲོས་མོལ་ལས་ཕྱིར་བུད་པའི་རྐྱེན་རེད།

ཐ་ལེ་པན་གྱི་གྲོས་མོལ་འཐུས་མི། ཐལ་སྐྱོད་དབྱི་སི་ལན་རྩ་འཛུགས་མུའུ་སི་ལིན་ཆོས་ཁང་དམར་པོ་ཞེས་པ་དེའི་མགོ་ཁྲིད་པ་ཨ་ཆི་ཙི་ཡིས་གསར་འགོད་པར་བཤད་རྒྱུར། ཀུའུ་ལན་ཆོས་དང་སྟོན་པ་མུའུ་ཧན་མོ་ཏི་ཡི་རྣམ་ཐར་གྱིས་ཕ་ཁི་སི་ཐན་གྱི་རྩ་ཁྲིམས་ཀྱི་ཚབ་བྱེད་འོས། དེ་ལྟར་བྱས་ན་ད་གཟོད་ཕ་ཁི་སི་ཐན་གྱི་བཅའ་ཁྲིམས་སུ་འགྱུར་ཐུབ། གལ་ཏེ་གྲོས་མོལ་གྱི་ནང་དོན་དུ་དབྱི་སི་ལན་གྱི་བཅའ་ཁྲིམས་བཙན་གྱིས་ལག་བསྟར་བྱེད་པའི་དོན་ཚན་འདི་མ་བཞག་ཚེ། ང་རྗེས་ཕྱོགས་ཀྱི་གྲོས་མོལ་ལ་མི་ཞུགས་ཟེར། ཁོས་ཁོ་རང་ཉིད་ཀྱིས་རང་ཉིད་ཐ་ལེ་པན་གྱི་གྲོས་མོལ་འཐུས་མི་གསུམ་ནང་གི་གཅིག་ཡིན་པའི་ཐོབ་ཐང་སྲུང་འཛིན་བྱེད་རྒྱུ་ཡིན་མོད། ཡིན་ནའང་རང་དགར་གྲོས་མོལ་ལ་མི་ཞུགས་ཞེས་བཤད།

ཕྱི་ཕྱོགས་ཀྱིས་ཐེངས་འདིའི་ཞི་བའི་གྲོས་མོལ་གྱིས་དུས་ཡུན་ལོ་བདུན་རིང་གི་ཡ་ང་བའི་དམག་འཁྲུག་མཚམས་འཇོག་ཐུབ་མིན་ལ་ཐེ་ཚོམ་བཟུང་ཡོད་ལ། ཧྥ་རན་སིའི་གསར་འགྱུར་ཁང་གིས་བལྟས་ན་ཨ་ཆི་ཙི་གྲོས་མོལ་ལས་ཕྱིར་བུད་པས་གྲོས་མོལ་གྱི་མདུན་ལྗོངས་སྔར་ལས་ཉག་ཕྲ་བར་གྱུར་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག