མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཆིའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 10:59

pic001.jpg

   དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་མགོ་རྩོམ་པའི་མཛད་སྒོ་དེ་ཟླ2པའི་ཚེས7ཉིན་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་གྱི་ཧྥེ་ཧྲི་ཐི་ཨོ་ལིན་ཕིས་ཁི་ལུས་རྩལ་ར་བ་ནས་བསྡུས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན(གཡས་ཀྱི་གཉིས་པ)དང་། རྒྱལ་སྤྱིའི་ཨོ་ལིན་ཕིས་ཁི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི(གཡོན་གྱི་གཉིས་པ)། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན(གཡོན་གྱི་དང་པོ)བཅས་མཛད་སྒོར་ཞུགས།

pic002.jpg

རྒྱལ་སྤྱིའི་ཨོ་ལིན་ཕིས་ཁི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་མཛད་སྒོའི་སྟེང་གཏམ་བཤད།

pic003.jpg

འདི་ནི་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཚོགས་རར་སྐྱོད་པའི་ཚུལ་རེད།

pic004.jpg

འདི་ནི་མཛད་སྒོའི་སྟེང་རིག་རྩལ་འཁྲབ་སྟོན་བྱེད་པའི་ཚུལ་རེད།

pic005.jpg

འདི་ནི་ཨོ་ལིན་ཕིས་ཁིའི་ཚོགས་དར་ཚོགས་རར་ཁྱེར་བའི་ཚུལ་རེད།

pic006.jpg

འདི་ནི་ཨོ་ལིན་ཕིས་ཁིའི་ཚོགས་དར་དང་ཨུ་རུ་སིའི་རྒྱལ་དར་མཛད་སྒོའི་སྟེང་ལྷབ་ལྷུབ་ཏུ་སྐྱོད་པའི་ཚུལ་རེད།

pic007.jpg

འདི་ནི་མཛད་སྒོའི་སྟེང་རིག་རྩལ་འཁྲབ་སྟོན་བྱེད་པའི་ཚུལ་རེད།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་མགོ་རྩོམ་པའི་མཛད་སྒོ་དེ་ཟླ2པའི་ཚེས7ཉིན་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་གྱི་ཧྥེ་ཧྲི་ཐི་ཨོ་ལིན་ཕིས་ཁི་ལུས་རྩལ་ར་བ་ནས་བསྡུས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། རྒྱལ་སྤྱིའི་ཨོ་ལིན་ཕིས་ཁི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་སོགས་མཛད་སྒོར་ཞུགས། རྒྱལ་སྤྱིའི་ཨོ་ལིན་ཕིས་ཁི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་མཛད་སྒོའི་སྟེང་གཏམ་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག