མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་ད་ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་བརླག་རྒྱུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཡ་ལེ་ཧྲན་ཏ་ལུའུ་ཁ་ཧྲི་ཝེ་ཆི་ཡིས་ཚེས6ཉིན་བཤད་རྒྱུར། མོ་སི་ཁོ་སི་རི་ཡ་ནས་དྲུད་པའི་རྫས་འགྱུར་མཚོན་ཆ་དེ་ཟླ6པའི་ཟླ་མཇུག་གི་སྔོན་ལ་བརླག་པར་ཡིད་ཆེས་ཡོད་ཟེར།

ལུའུ་ཁ་ཧྲི་ཝེ་ཆི་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་སི་རི་ཡའི་རྫས་འགྱུར་མཚོན་ཆ་དེ་ད་ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་བརླག་མི་ཐུབ་པར་དོགས་པ་ཟ་བའི་རྒྱུ་མཚན་ཅི་ཡང་མེད་པས། ཨུ་རུ་སི་དེར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

2013ལོའི་ཟླ9བའི་ཟླ་དཀྱིལ་ལ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་གྲོས་མོལ་བྱས་ཏེ་སི་རི་ཡའི་རྫས་འགྱུར་མཚོན་ཆ་སི་རི་ཡ་ནས་ཕྱིར་འདྲུད་རྒྱུ་མ་ཟད་དེ་བརླག་རྒྱུའི་འཆར་གཞི་གཏན་ཁེལ་བྱས། ཅང་མ་འགོར་བར་མཉམ་འབྲེལ་རྒྱལ་ཚོགས་དང་རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་ཀྱི་མཉམ་འབྲེལ་འཐུས་ཚབ་ཚོགས་པས་འཆར་གཞི་དེ་དངོས་འབེབ་བྱེད་པའི་འགན་ཁུར།

གཏན་ཁེལ་བྱས་པའི་འཆར་གཞི་ལྟར་ན། ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པའི་ཟླ་མཇུག་གི་སྔོན་ལ་སི་རི་ཡའི་རྫས་འགྱུར་མཚོན་ཚང་མ་བརླག་དགོས།

རྫས་འགྱུར་མཚོན་ཆ་བཀག་འགོག་རྩ་འཛུགས་ཀྱིས་ཟླ2པའི་ཚེས5ཉིན་བཤད་རྒྱུར། སི་རི་ཡའི་རྫས་འགྱུར་མཚོན་ཆ་སྐྱེལ་བའི་བྱ་བར་ཉིན་དེར་གྲུབ་འབྲས་ཅུང་ཙམ་ཐོབ་ནའང་། རྫས་འགྱུར་མཚོན་ཆ་ཚང་མ་དུས་ལྟར་སི་རི་ཡ་ནས་སྐྱེལ་བའི་དམིགས་འབེན་ལ་སླེབ་མེད་ཟེར། རྩ་འཛུགས་དེའི་སྔོན་གྱི་འཆར་གཞི་ལྟར་ན། ཟླ2པའི་ཚེས5ཉིན་གྱི་སྔོན་ལ། སི་རི་ཡའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆ་ཚང་མ་རྒྱལ་ཕྱིར་སྐྱེལ་ནས་བརླག་དགོས་པ་དང་། ཡིན་ནའང་མིག་སྔའི་བར་མཚོན་ཆ5%མ་གཏོགས་བསྐྱལ་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག