མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་སྲིད་གཞུང་དང་ཐ་ལེ་པན་གྱིས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ཁང་གིས་ཚེས6ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་སྲིད་གཞུང་དང་ཐ་ལེ་པན་གྱི་གྲོས་མོལ་འཐུས་མིས་ས་དེའི་ཟླ2པའི་ཚེས6ཉིན་གྲོས་མོལ་སྐོར་དང་པོ་བྱས་པ་དང་། གྲོས་མོལ་དེའི་དམིགས་ཡུལ་ནི་ལོ7རིང་གི་ཟིང་འཁྲུག་མཚམས་འཇོག་རྒྱུ་དེ་རེད། 

 རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་གཉིས་ཀྱིས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་གྲོས་མོལ་སྐོར་དང་པོ་བྱས་པ་དང་། མ་འོངས་པར་གྲོས་སྡུར་བྱེད་རྒྱུ་ཡིན་པའི་ལམ་ཐིག་གཏན་ཁེལ་བྱེད་སྲིད་ཟེར། ཡིན་ནའང་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་དུས་གཏན་གྱི་ཞི་བདེའི་གྲོས་མཐུན་འགོད་ཐུབ་མིན་ལ་ཕྱི་ཕྱོགས་དོགས་པ་ཟ་ཡོད། ཕ་ཁི་སི་ཐན་སྲིད་གཞུང་གི་དབུ་བཞུགས་གྲོས་མོལ་འཐུས་མི་ཞི་ཏེ་ཅི་ཡིས་ཧྥ་རན་སིའི་གསར་འགྱུར་ཁང་ལ་གྲོས་མོལ་དེ་ཟླ2པའི་ཚེས6ཉིན་གྱི་ཕྱི་དྲོར་སྤེལ་ཞེས་བཤད།

བསྒྲགས་པའི་གནས་ཚུལ་ལྟར་ན། དམག་འཁྲུག་ལ་དགའ་མཁན་མང་པོ་འདུས་པའི་ཕ་ཁི་སི་ཐན་ཐ་ལེ་པན་ལས་འགུལ་གྱིས2007ལོ་ནས་བཟུང་ཟིང་འཁྲུག་བསླངས་པ་མ་ཟད། ཕ་ཁི་སི་ཐན་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་མེ་མདའ་དང་འགད་རྫས་བཀོལ་ཏེ་འཇབ་རྒོལ་བྱས་ནས། མི་སེར་སྟོང་ཕྲག་བསད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག