མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རི་སིའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕེན་སའོ་ཆི་ནས་བསྡུས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་གདེང་འཇོག་ཚད་མཐོན་པོ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕེན་ཨུ་རི་སིའི་སའོ་ཆི་ནས་བསྡུས་པའི་སྐབས་ཉེར་གཉིས་པའི་དགུན་དུས་ཨོ་ལེན་ཕེས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་སོང་བས། ཨི་རི་སིའི་ལས་རིགས་ཁག་གི་མི་སྣས་གདེང་འཇོག་ཚད་མཐོན་པོ་བྱས། ཨུ་རི་སི་ཕྱོགས་ཀྱིས་བལྟས་ན་འདི་ནི་ཨུ་རི་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཆེས་མཐོ་བའི་མཚོན་བྱེད་ཅིག་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བའི་སྣང་ཚུལ་ཆེས་ལེགས་པོ་ཞིག་ཡིན་པར་འདོད། ཨུ་རི་སིའི་ཚན་རིག་གླིང་གི་ཡོན་ཏུང་ཞིབ་འཇུག་སོ་ཡི་སོ་ཀྲང་། ཨུ་རི་སི་དང་ཀྲུང་གོ་མཛའ་བརྩེ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཐ་ལེན་ཁི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕེན་ཐེངས་འདིར་ཨུ་རི་སིའི་སའོ་ཆི་ནས་བསྡུས་པའི་དགུན་ཁའི་ཨོ་ལེན་ཕེས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བ་དེས་ཀྲུང་གོ་ཕྱོགས་ཀྱིས་ཨོ་ལེན་ཕེས་ཁི་ལུས་རྩལ་འགྲན་ཚོགས་དང་ཨུ་རི་སི་ནས་བསྡུས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བླ་ལྷག་བྱས་པ་མཚོན་ཡོད་ལ། ན་ནིང་གི་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་ཕྱི་ཕྱོགས་ལ་འཚམས་འདྲི་བྱེད་པའི་ས་ཚིགས་ཐོག་མ་ཨུ་རི་སི་བདམ་པ་དང་། ད་ཐེངས་ཡང་བསྐྱར་ཨུ་རི་སིར་འཚམས་འདྲི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཐོག་དང་པོར་ཕྱི་ཕྱོགས་ནས་བསྡུས་པའི་གཞི་རྒྱ་ཆེ་བའི་ལུས་རྩལ་འགྲན་ཚོགས་བྱ་འགུལ་ལ་ཞུགས་པ་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་མངོན་པར་མཚོན་ཡོད་ཟེར།

ཨུ་རི་སིའི་རྒྱལ་སྤྱིའི་ཨོ་ལེན་ཕེས་ཁི་སློབ་ཆེན་གྱི་སློབ་གཙོ་པེ་ལའོ་སའོ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕེན་སའོ་ཆི་ནས་བསྡུས་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དེ་ནི་ཨོ་ལེན་ཕིས་ཁིའི་སྙིང་སྟོབས་དང་མཐུན་པར་མ་ཟད། ཨུ་རི་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་དང་ཡང་མཐུན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག