མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེའི་ཙུང་ལི་ཡིས་འཇར་མན་དུ་འཚམས་འདྲི་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:14

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ལི་ཨེ་ཨར་ཏའོ་ཨན་ཚེས4ཉིན་འཇར་མན་དུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་གཞོགས་འདེགས་བྱས་ཏེ། འཇར་མན་གྱིས་གནད་དོན་དེའི་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

    རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་སྲིད་གཞུང་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ནི་མཇུག་འབྲས་ལ་ངེས་གཏན་མེད་པའི་བརྒྱུད་རིམ་ཞིག་ཡིན་པར་བསམ་ཡོད་པ་དང་། གྲོས་མོལ་དེར་གཏན་འཁེལ་གྱི་ཡུན་ཚད་ཅིག་མེད། དེ་ལས་གཞན་ང་རང་ཆ་རྐྱེན་ཅི་ཡང་མེད་པར་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་དང་ལེན་བྱེད་པར་ལྟ་ཚུལ་མི་མཐུན་པ་ཡོད་པ་ཡང་གསང་བ་ཞིག་མིན་ཟེར། ཡིན་ན་ཡང་མའོ་ཁི་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་བཀག་རྒྱ་ཡོད་ཚད་སེལ་བར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། ཨེ་ཨར་ཏའོ་ཨན་གྱིས་འཇར་མན་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག