མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སིང་ག་ལཱ་རྒྱལ་ཁབ་ཀྱིས་དམག་གཟིགས་མཛད་སྒོ་སྤེལ་ཏེ་རང་བཙན་བྱས་ནས་ལོ་ངོ་རེ་དྲུག་འགོར་བར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱ་རྒྱལ་ཁབ་ཀྱིས་ཚེས་བཞིའི་ཉིན་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་ཁི་ལོ་ལེ་གྲོང་ཁྱེར་ནས་དམག་གཟིགས་མཛད་སྒོ་དང་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། རང་བཙན་བྱས་ནས་ལོ་ངོ་རེ་དྲུག་འགོར་བར་རྟེན་འབྲེལ་ཞུས།

སིང་ག་ལཱའི་མཚོ་མཁའ་སྐམ་གསུམ་གྱི་དམག་དཔུང་དང་། སྤྱི་བདེ། དམག་དཔོན་སློབ་གླིང་སོགས་སྡེ་ཁག་གི་མི་སྟོང་གསུམ་གྱིས་གྲུབ་པའི་གཟབ་སྦྲེང་རུ་ཁག་གིས་དམག་གཟིགས་དང་ལེན་བྱས། ཉིན་དེའི་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ལྟད་མོ་བ་མང་བོ་འདུས་ཡོད།

སིང་ག་ལཱའི་ཙུང་ཐུང་ལཱ་ཅཱ་ཕཱ་ཁི་སཱ་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། ཁོས་དམངས་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཤིང་མི་རིགས་བར་གྱི་འགལ་བ་སེལ་ནས། མུ་མཐུད་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གོང་སྤེལ་ལ་ཡར་སྐུལ་བྱེད་པ་དང་། དཀའ་སྤྱད་ཀྱི་ངལ་རྩོལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དར་རྒྱས་ཀྱི་རེ་འདུན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་ཅཱ་ཕཱ་ཁི་སཱ་ཡིས་ད་རུང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་འགྲོ་མིའི་ཐོབ་ཐང་གནད་དོན་ཐད་ནས་སིང་ག་ལཱ་རྒྱལ་ཁབ་ལ་སྐྱོན་འཛུགས་བྱས་པར་རྒོལ་ལན་སྤྲད། ཁོས་སིང་ག་ལཱའི་སྲིད་གཞུང་གིས་སྟོབས་ཤུགས་གང་རུང་གིས་སིང་ག་ལཱའི་མི་དམངས་ཀྱི་ད་ཡོད་ཀྱི་ཐོབ་པར་དཀའ་བའི་རང་དབང་ལ་གཏོར་བརླག་བྱེད་མི་རུང་བ་ནན་བཤད་བྱས།

ལཱ་ཅཱ་ཕཱ་ཁི་སཱ་ཡིས་ཉིན་དེར་ད་རུང་བཙོན་མ་སྟོང་གཅིག་དང་ཉིས་བརྒྱ་ཉེར་གསུམ་སྲོག་ཐར་ལ་བཏང་ནས་རང་དབང་སྟེར་རྒྱུ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག