མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཐཱ་ལེ་པན་བར་གྱི་གྲོས་མོལ་རྩིས་མེད་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཚེས་བཞིའི་ཉིན་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་བར་ཉིན་དེར་དབྱི་སི་ལན་པའོ་ནས་སྤེལ་རྒྱུ་ཁས་ལེན་བྱས་ཡོད་པའི་གྲོས་མོལ་དེ་རྩིས་མེད་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། ཕཱ་ཁི་སི་ཐན་སྲིད་གཞུང་གིས་བསྟན་དོན། ཐཱ་ལེ་པན་ཨུ་ཡོན་ལྷན་ཁང་གྲོས་མོལ་ལ་ཞུགས་པའི་མི་གྲངས་འདང་མེད་ལ། ཁོ་ཚོས་དོན་དེར་འགྲེལ་བཤད་གསལ་བོ་བྱེད་དགོས་ཟེར།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཟླ་སྔོན་མའི་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཁོངས་མི་བཞིས་གྲུབ་པའི་སྲིད་གཞུང་གི་གྲོས་མོལ་ཨུ་ཡོན་ལྷན་ཁང་གིས་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱིས་ཚེས་གཉིས་ཉིན་སྲིད་གཞུང་གི་གྲོས་མོལ་རེ་འདོད་བཏོན་པར་དགའ་བསུ་ཞུས་པར་མ་ཟད། ཆོས་ལུགས་དང་ཆབ་སྲིད་ཀྱི་མགོ་བ་ལྔ་ཡིས་གྲུབ་པའི་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་བར་གྲོས་མོལ་བྱེད་རྒྱུ་ཐག་བཅད། ཡིན་ན་ཡང་ཧྥ་ལུའུ་ཚི་ཕྱོགས་ཁག་གི་མུའུ་ཧྥུའུ་ཐིས་དང་དྲང་བདེན་འགུལ་སྐྱོད་ཏང་གི་གཙོ་འཛིན་དབྱི་མུའུ་ལན་ཧན་གྲོས་མོལ་ལ་ཞུགས་པར་དང་ལེན་མ་བྱས་པ་རེད།

ཐཱ་ལེ་པན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་སཱ་མུག་ཨར་ཕྱོགས་ཁག་གི་གཙོ་འཛིན་སཱ་མུས་ཀྱིས་ཉིན་དེར་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས་དུས་ལྟར་གྲོས་མོལ་བྱེད་རྒྱུ་ཁས་ལེན་མ་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱིས་ཐཱ་ལེ་པན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གསུམ་ལ་འཐུས་ཚབ་དབང་ཆ་སྤྲད་ཡོད་ཟེར།

སྲིད་གཞུང་གི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞི་ཏིས་ཅི་ཡིས་བསྟན་དོན། སྲིད་གཞུང་གིས་གྲོས་མོལ་དངོས་སུ་མགོ་མ་བརྩམས་གོང་དེའི་འདོད་འདུན་ངོ་མར་རྒྱུས་ལོན་གསལ་བོ་བྱེད་འདོད་ཡོད་ཟེར།  །  

 

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག