མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བུའུ་ཁི་ལན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:06

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས4ཉིན་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བུའུ་ཁི་ལན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

    ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་འགྲོ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་སྐྱོང་གནད་དོན་གྱི་འགན་ཁུར་བའི་འཐུས་མི་ཏའོ་ཨར་ཀི་ཧྥུའུ་ཡིས་ཉིན་དེར་རྒྱལ་ཕྲན་མཉམ་འབྲེལ་གྱི་དམངས་གྲོས་ཁང་གི་ཉན་ཞིབ་ཚོགས་འདུའི་སྟེང་བསྟན་དོན། བུའུ་ཁི་ལན་གྱི་ངོ་རྒོལ་ཕྱོགས་ཁག་གིས་གྲངས་ཉུང་མི་རིགས་ལ་དཔུང་འཇུག་བྱེད་པའི་བྱ་སྤྱོད་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་མཐའ་གཅིག་ཏུ་བུའུ་ཁི་ལན་སྲིད་གཞུང་དང་འགས་གཏོར་འགོག་སྲུང་ཉེན་རྟོག་པར་སྐྱོན་བརྗོད་བྱེད་བཞིན་ཡོད། ཁོས་ནན་གྱིས་བསྟན་དོན། འགྲོ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་རྩ་དོན་དང་འགལ་བའི་བྱེད་ཐབས་སྤྱད་དེ་རེ་འདུན་མངོན་འགྱུར་བྱེད་དུ་འཇུག་མི་རུང་ཟེར།

    བུའུ་ཁི་ལན་སྲིད་གཞུང་གིས་ན་ནིང་ཟླ11པར་གློ་བུར་དུ་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཏེ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་བྱུང་བ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་ཁྲག་བཞུར་དོན་རྐྱེན་གཅིག་རྗེས་གཉིས་མཐུད་དུ་བྱུང་། བུའུ་ཁི་ལན་གྱི་ཙུང་ལི་ཨ་ཀྲ་ལོ་ཧྥུའུ་ཡིས་ད་ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ལས་ཁུར་དགོངས་ཞུ་བྱས་ཀྱང་། ངོ་རྒོལ་ཕྱོགས་ཁག་སྔར་བཞིན་ཡིད་མ་ཚིམས་པར་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་དབང་ཆ་བསྐྱུར་དགོས་པར་མ་ཟད། འདེམ་བསྐོའི་བཅའ་ཁྲིམས་དང་རྩ་ཁྲིམས་ལ་བཟོ་བཅོས་བྱེད་དགོས་པའི་རེ་བ་བཏོན།

    ཉེ་སྔོན་སྤེལ་བའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་བུའུ་ཁི་ལན་གྱི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་མྱོང་།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག