མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་དབྱི་ཐཱ་ལེའི་རྒྱལ་སྲུང་པུའུ་ཡིས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་གསོ་སྦྱོང་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-04 12:02

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་དང་དབྱི་ཐཱ་ལེའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་ཟུར་ལྔའི་ཐོག་ཁང་ཆེན་མོ་ནས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་གསོ་སྦྱོང་བྱ་འགུལ་སྤེལ་བའི་བཟོད་སྒོམ་བརྗེད་ཐོ་བཀོད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་སྒྲིག་ཆས་དང་ཐབས་ཇུས་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་ཧྥོ་ལན་ཁི་ཡིས་བསྟན་དོན། དུས་ཡུན་ལོ་ལྔ་ཡིན་པའི་གྲོས་མཐུན་དེས་ཕྱོགས་གཉིས་ཀྱིས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་སྤེལ་བའི་འབྲེལ་ཡོད་མཉམ་འབྲེལ་གསོ་སྦྱོང་དང་སློབ་གསོའི་འཆར་གཞི་ལ་ཡར་སྐུལ་བྱེད་ཐུབ་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྲིད་ཟེར།

དབྱི་ཐཱ་ལེའི་རྒྱལ་སྲུང་པུའུ་ཡི་དཔོན་པོ་དབྱེ་ལེ་ཨོ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱབ་སྐྱོར་དང་ཉམས་མྱོང་ནི་དབྱི་ཐཱ་ལེའི་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དོན་འགུལ་སྐྱོད་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་ཟེར། ཁོས་བསྟན་དོན། གྲོས་མཐུན་དེ་དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་དམག་དོན་གསོ་སྦྱོང་དང་བཀོད་སྒྲིག་ལག་རྩལ་དཔྱད་གཞིར་བཟུང་ནས། སྤྱི་བའི་བདེ་འཇགས་འགན་སྲུང་དང་བརྡ་འཕྲིན་འཚོལ་སྡུད་ནུས་པ་ཇེ་དྲག་ཏུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཞི་བདེ་སྲུང་སྐྱོབ་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཕན་པ་འབྱུང་ངེས་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག