མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཟླ་གསུམ་པར་སོ་ཏི་ཨ་རབ་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུའི་འཆར་གཞི་ཡོད་པ།

  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2014-02-04 12:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ད་ལོའི་ཟླ་གསུམ་པར་སོ་ཏི་ཨ་རབ་རྒྱལ་ཁབ་ལ་འཚམས་འདྲི་བྱས་ཏེ། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།གསལ་སྒྲོག་ལས་བཤད་རྒྱུར། ཨོ་པཱ་མཱ་དང་ཨ་པུའུ་ཏུའུ་ལཱ་ཡིས་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱི་དུས་ཡུན་རིང་བོའི་འཐབ་ཇུས་འབྲེལ་བར་གྲོས་བསྡུར་བྱེད་རྒྱུ་མ་ཟད། མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་གནས་བབ་དང་། དབུས་ཤར་གྱི་ཞི་བདེ་གྲོས་མོལ། དེ་མིན་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨོ་པཱ་མཱ་ཡིས་ཧི་ལན་དང་པུ་ལི་ཧྲི། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་ལ་འཚམས་འདྲི་བྱས་རྗེས་སོ་ཏི་ཨ་རབ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག