མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཨ་ཧྥེ་རི་ཁའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་ཧུར་ཐག་བྱེད་དགོས་པའི་རེ་འབོད་བྱས་པ།

  ཡོང་ཁུངས། སྐྱིད་པོ།  2014-02-02 11:52

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཞི་བདེ་དང་བདེ་འཇགས་བྱ་དོན་གྱི་ཀྲོན་ཡོན་ཤེར་ཅིས་སྤྱི་ཟླ་དང་པོའི་ཚེས་༣༡ཉིན་ཞི་བདེར་སྲུང་སྐྱོབ་བྱེད་པའི་འབད་བརྩོན་བྱེད་ཤུགས་བཏང་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ཅིག་ཏུ་ཐོན་པའི་གདོང་ཐུག་དང་དམག་འཁྲུག་ལ་ཁ་གཏད་གཅོག་དགོས་པའི་རེ་འབོད་གནང་ཡོད་པ་རེད།

    ཤེར་ཅིས་ཉིན་དེ་རང་ལ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག འདས་ཟིན་པའི་ལོ་གཅིག་ནང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་པོར་དམག་འཁྲུག་གི་ཟིང་ཆ་ལངས་ཡོད་པས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་འབད་བརྩོན་ཆེན་པོ་བྱས་ནས་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་དང་ཁོང་གིས་མ་ལི་དང་མ་ཏ་ཀ་སི་ཀའི་ཞི་བདེ་སླར་གསོ་བྱེད་པའི་ཐད་ཐོབ་པའི་འཕེལ་ཚུལ་ལ་བསྔག་བརྗོད་གནང་ཡོད་པ་དང་དུས་མཚུངས་སུ་ཨ་ཧྥེ་རི་ཁ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་དང་ལྷོ་སུའུ་ཏན་དུ་ཐོབ་པའི་ཉམས་ཉེན་ལ་སེམས་ཁྲལ་གནང་ཡོད་པ་རེད།

    ཤེར་ཅིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སོ་མ་ལིའི་སྲིད་གཞུང་གསར་པ་བདམ་པ་དང་ཐུ་ཉི་སིས་རྩ་ཁྲིམས་གསར་པར་གྲོས་འཆམ་བྱས་པར་དགའ་བསུ་ཞུས་པ་དང་དུས་མཚུངས་སུ་ཨེ་ཅིབ་ཀྱིས་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱས་པའི་འབད་བརྩོན་ལ་རྒྱབ་སྐྱོར་གནང་ཡོད་པ་རེད། ཁོང་གིས་ད་དུང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ལི་པི་ཡ་དོར་མེད་པ་དང་མ་འོངས་པར་ལི་པི་ཡས་ཞི་བདེའི་ཆེད་དུ་བྱེད་པའི་འབད་བརྩོན་ལ་མུ་མཐུད་ནས་རྒྱབ་སྐྱོར་རེད་ཅེས་གསུངས་འདུག ཁོང་གིས་ལི་པི་ཡས་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་པོའི་རྒྱལ་ཁབ་མང་པོར་རྒྱབ་སྐྱོར་བྱེད་མྱོང་ཡོད་པ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་ཀྱང་ལི་པི་ཡར་ཞི་བདེ་སྐྱར་འཛུགས་དང་དཔལ་འབྱོར་གོང་འཕེལ་སླར་གསོ་བྱེད་པའི་འཕེལ་རིམ་་ལ་རོགས་རམ་བྱེད་མྱོང་ཡོད་ཅེས་ནན་སྟོན་གནང་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག