མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སི་རི་ཡཱའི་ཕྱོགས་ཁག་གཉིས་ཀྱིས་མུ་མཐུད་དུ་ལྷག་བསམ་རྣམ་དག་གིས་ཞི་བའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:52

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་གཅིག་ཉིན་མུའུ་ནེ་ཧེའིམ་བདེ་འཇགས་གྲོས་ཚོགས་སྟེང་ནན་་གྱིས་བསྟན་དོན། སི་ར་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གཟབ་ནན་དང་རྣམ་དག་གིས་གྲོས་མོལ་བྱས་ཏེ། སྔ་མོ་ནས་རྒྱལ་ནང་གི་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་དགོས་ཟེར།

    ཕན་ཅི་བུན་གྱིས་བཤད་རྒྱུར། སི་རི་ཡཱའི་ཞི་བའི་གྲོས་མོལ་ལ་དཀའ་ཁག་ཆེ་ཡང་མགོ་བརྩམས་ཡོད་པས་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པར་སྔར་བཞིན་རེ་བ་ཡོད་ཟེར། ཁོས་ད་རུང་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ཞི་བའི་གྲོས་མོལ་གྱི་སྐོར་ཐེངས་གཉིས་པའི་གྲོས་མོལ་དེ་ཟླ་འདིའི་ཚེས་བཅུ་ཉིན་དུས་ལྟར་སྤེལ་དགོས་པའི་སྐུལ་མ་བཏང་།

    ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གཅིག་ཉིན་མུའུ་ནེ་ཧེ་ནས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁ་འདུས་པའི་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཚང་མས་སི་རི་ཡཱའི་ནང་ཁུལ་གྱི་འཁྲུག་རྩོད་ལ་ཐེ་གཏོགས་བྱེད་ཐབས་མེད་པས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་མུ་མཐུད་དུ་གྲོས་མོལ་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར།

    ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ད་ལྟ་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་འབྲེལ་འདྲིས་བྱེད་བཞིན་ཡོད་ཀྱང་། ངོ་རྒོལ་ཕྱོགས་ཁག་གིས་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ལས་འགན་བསྐྱུར་བ་དེ་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་དགོས་པའི་རེ་བ་བཏོན་ལ། དེ་ནི་གཏན་ནས་མི་རུང་བ་ཞིག་རེད་ཟེར།

    མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱི་མགོ་འཛིན་འོག སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ནས་ཚེས་སོ་གཅིག་ཉིན་བར་སུའེ་ཙེར་ནས་སྐོར་ཐེངས་དང་པོའི་གྲོས་མོལ་སྤེལ་བ་དང་། གྲོས་གཞི་གཙོ་བོ་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་བཀག་འཇུག་མི་སྣ་བཙོན་གྲོལ་གཏོང་བ། རི་ནེ་ཝེའི་སྤྱི་སྒྲོག་དངོས་འབེབས་བྱེད་པ་སོགས་ལ་འབྲེལ་ཡོད་ཀྱང་གྲུབ་འབྲས་ཆེན་པོ་ཐོབ་མེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག