མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱའི་མང་ཚོགས་ཀྱིས་སྲིད་གཞུང་གིས་དཔལ་འབྱོར་གྲོན་ཆུང་བྱེད་ཐབས་ལག་བསྟར་བྱས་པར་ངོ་རྒོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཀྱིས་ཚེས་གཅིག་ཉིན་རྒྱལ་ཡོངས་རང་བཞིན་གྱི་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། སྲིད་གཞུང་གིས་དཔལ་འབྱོར་གྲོན་ཆུང་བྱེད་ཐབས་ལག་བསྟར་བྱས་པར་ངོ་རྒོལ་བྱས།

ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ནི་ཕུའུ་ཐའོ་ཡཱའི་ཆེས་ཆེ་བའི་བཟོ་ཚོགས་རྩ་འཛུགས་ངལ་རྩོལ་པའི་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་པ་ཡིན་ལ། ངལ་རྩོལ་པའི་བཟོ་ཚོགས་ཀྱིས་ཕུའུ་ཐའོ་ཡཱའི་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ། བཤུ་གཞོག་དང་དབུལ་ཕོངས་ལ་ངོ་རྒོལ་བྱེད་པ་དང་། ཟླ་ཕོགས་ཁ་སྣོན་དང་ལས་ཞུགས་ལས་གནས་གཏན་སྲུང་། བྱ་བའི་ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་ནས་དགོས་ངེས་ཀྱི་ཕན་བདེ་བསྐྲུན་དགོས་པའི་རེ་བ་འདོན་དགོས་པའི་འབོད་སྐུལ་བཏང་།

རྒྱལ་ས་ལི་སི་པིན་ནས་མང་ཚོགས་སྟོང་ཕྲག་འགས་གྲུབ་པའི་རྔམ་སྟོན་ཁྲོམ་སྐོར་དཔུང་ཁག་ཁཱ་དབྱེ་སི་སོ་ཏི་ལོས་མེ་འཁོར་ས་ཚིགས་ནས་གྲོང་ཁྱེར་ལྟེ་གནས་ཀྱི་བསྐྱར་དར་ཐང་ཆེན་དུ་སོང་། རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མང་ཚོགས་ཀྱིས་འཕྲེད་བྱང་བཟུང་ཞིང་ཁ་དབྱངས་མཐོན་པོར་སྒྲོག་སྟེ་སྲིད་གཞུང་གིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན།

ཉིན་དེར་ཕུའུ་ཐའོ་ཡཱའི་བྱང་ཕྱོགས་ཀྱི་པོ་ཨར་ཐུའུ་དང་ཁི་དབྱིན་པུའུ་ལཱ། ལྷོ་ཕྱོགས་ཀྱི་ཨར་ཅཱ་ཧྥུའུ་ས་ཁུལ། དེ་མིན་མཱ་ཏི་ལཱ་དང་ཡཱ་སུའུ་ཨར་རང་སྐྱོང་ས་ཁུལ་སོགས་ནས་ཀྱང་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག