མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་དང་ཧཱ་མཱ་སི་ཡི་འཐུས་མིས་ནང་ཁུལ་གྱི་འགྲིག་མཐུན་ཐད་ནས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:23

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་གཅིག་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་མཐོ་རིམ་དཔོན་རིགས་དང་མཉམ་དུ་ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་མངོན་འགྱུར་བྱེད་པའི་ཐད་ནས་གྲོས་མོལ་བྱས།

མིང་བཤད་འདོད་མེད་པའི་ཕཱ་ལེ་སི་ཐན་དཔོན་ཕྱོགས་ཀྱི་མི་སྣ་ཞིག་གིས་བཤད་རྒྱུར། ཨ་པཱ་སི་དང་ཧཱ་མཱ་སིའི་འཐུས་མི། སྔོན་ཆད་ཀྱི་ཙུང་ལི་གཞོན་པ་ཧྲ་དབྱེ་ཨར་བཅས་ཀྱིས་ཉིན་དེར་ལཱ་མུའུ་ཨན་ལཱ་ནས་ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧིའི་བར་འགྲིག་མཐུན་འབྱུང་བའི་ཐད་ནས་གྲོས་མོལ་བྱས། ཧཱ་མཱ་ཡིས་འདེམ་བསྐོའི་བྱ་འགུལ་སྤེལ་བ་ཁྱབ་སྒྲོག་བྱས་ན་ཙུང་ཐུང་ཨ་པཱ་སི་ཡིས་ཧཱ་མཱ་སི་དང་ཧྥ་ཐཱ་ཧིའི་བར་འགྲིག་མཐུན་འབྱུང་དུ་འཇུག་རྒྱུ་ཡིན་ཟེར།

ཧྲ་དབྱེ་ཨར་གྱིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་ཁོ་དང་ཨ་པཱ་སི་ཡིས་གྲོས་མོལ་བྱས་པའི་གནས་ཚུལ་བདེན་དཔང་བྱས། ཁོས་བཤད་རྒྱུར། ང་དང་ཙུང་ཐུང་ཨ་པཱ་སི་ཡིས་ཇི་ལྟར་འགུལ་སྐྱོད་སྤེལ་ཏེ་ཕྱོགས་ཁག་གཉིས་བར་གྱི་འགྲིག་མཐུན་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་པའི་ཐད་གྲོས་བསྡུར་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག