མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་རྒྱལ་དོན་བློན་ཆེན་གྱིས་ལུགས་རྙིང་ལོའི་རྟ་ལོའི་ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག་གསུངས་པ།

རྩོམ་པ་པོ། ཡིག་སྒྱུར།ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:34

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིས་སྤྱི་ཟླ་༡པོའི་ཚེས་༣༡ཉིན་གསལ་བསྒྲགས་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་ལུགས་རྙིང་ལོའི་རྟ་ལོའི་ལོ་གསར་གཏོང་མཁན་རྣམས་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་།

    ཁེ་ལིས། ངས་ཙུང་ཐུང་ཨོ་པ་མ་དང་ཨ་རིའི་མི་དམངས་ཀྱི་ཚབ་ཞུས་ཏེ། སྤྲོ་སེམས་ཆེན་པོས་འཛམ་གླིང་ཡོངས་ཀྱི་སྤྱི་ཟླ་༡པོའི་ཚེས་༣༡ཉིན་གྱི་ལུགས་རྙིང་ལོའི་རྟ་ལོའི་ལོ་གསར་གཏོང་མཁན་རྣམས་ལ་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། ད་དུང་རྟ་ལོའི་ལོ་གསར་སླེབས་པའི་མཚམས་འདིར། ཨ་རིས་ཁྱེད་རྣམ་པ་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ལོ་གསར་པའི་ནང་མཉམ་ལས་དེ་བས་གཏིང་ཟབ་ཡོང་ནས་ཐུན་མོང་གི་དམིགས་འབེན་འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་བ་རེད།

    ཁེ་ལིས་མཇུག་ཏུ་ད་དུང་། ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཨ་རིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་རོགས་པའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་ཐད་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ཅེས་གསུངས་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག