མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གིས་ཕོ་ལན་ལ་འཚམས་འདྲི་གནང་ནས་ཕོ་ལན་དུ་མེ་ཤུགས་འཕུར་མདེལ་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པའི་གནད་དོན་ཐད་གྲོས་བསྡུར་གནང་བ།

རྩོམ་པ་པོ། བསྟན་འཛིན་རྣམ་རྒྱལ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:34

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ཐུང་ཁེ་མོ་ལོ་ཧྥུ་སི་ཅི་དང་། ཙུང་ལི་དུ་སི་ཁེས་སྤྱི་ཟླ་༡པོའི་ཚེས་༣༡ཉིན་ཁག་སོ་སོར་འཚམས་འདྲིར་ཕེབས་པའི་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧེ་གེར་དང་གྲོས་མོལ་གནང་བ་དང་། ཕྱོགས་གཉིས་པོས་ཕོ་ལན་དུ་མེ་ཤུགས་འཕུར་མདེལ་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་དང་ཨུ་ཁེ་ལན་གྱི་གནས་བབ། སྤྱི་ལོ་༢༠༡༤ལོའི་ཟླ་བ་༩པར་དབྱིན་ཇིར་སྐོང་འཚོགས་བྱ་རྒྱུའི་བྱང་ཆིངས་ཀྱི་འགོ་གཙོའི་གྲོས་ཚོགས། དེ་བཞིན་བྱང་ཆིངས་ཀྱི་དྲུང་ཆེ་གསར་པ་འདེམས་རྒྱུ་སོགས་ཀྱི་གནད་དོན་དང་གྲོས་མོལ་གནང་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིས་སྤྱི་ལོ་༢༠༡༨ལོར་ཕོ་ལན་དུ་ཨ་རིའི་མེ་ཤུགས་འཕུར་མདེལ་འགོག་སྲུང་མ་ལག་དང་ཐོན་གསར་ཤོས་ཀྱི་SM3རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག