མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་ཀྱིས་རྒྱལ་སྤྱིའི་བདེ་འཇགས་ཀྱི་དམིགས་བསལ་གནད་དོན་ལ་དོ་ཁུར་བྱས་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:34

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་༥༠པའི་མུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་སྤྱི་ཟླ་༡པོའི་ཚེས་༣༡ཉིན་འཇར་མན་གྱི་མུ་ཉི་ཧེའི་པ་ཧྥ་ལི་ཡའི་གཞིས་ཀའི་གསོལ་མགྲོན་ཁང་ཞིག་ཏུ་གཉེར་བ་དང་། ཚོགས་ཞུགས་མི་སྣ་༤༠༠ལས་བརྒལ་བས་དུས་ཡུན་ཉིན་གསུམ་གྱི་གྲོས་ཚོགས་དེའི་ཐོག་རྒྱལ་སྤྱིའི་བདེ་འཇགས་ཀྱི་དོ་ཁུར་ཆེ་བའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

    མུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨོ་ཨར་ཧྥུ་ཀང་དབྱི་ཧྲེན་གེ་ཨར་གྱིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ལྐོག་ཉན་དོན་རྐྱེན་དང་། ཡོ་རོབ་གླིང་འགོག་སྲུང་གཞི་གཅིག་ཅན་གྱི་གནད་དོན། ནུབ་རྒྱ་མཚོ་ཆེན་མོ་བརྒལ་བའི་མཉམ་ལས། སི་རི་ཡའི་གདོང་ཐུག དབྱི་རན་གྱི་རྡུལ་ཉིང་གནད་དོན། ཨེ་ཤེ་ཡ་ཤར་མའི་དུས་བབ། དྲ་བའི་བདེ་འཇགས་སོགས་གྲོས་གཞི་དེ་དག་ཚང་མ་ད་ལོའི་གྲོས་ཚོགས་ཀྱི་གྲོས་བསྡུར་བྱ་ཡུལ་དུ་འགྱུར་སྲིད་ཅེས་གསུངས་པ་རེད།

    ཚོགས་འདུའི་ཉིན་རེའི་གྲོས་རིམ་ལ་གཞིགས་ན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་ཕྱོགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྥུ་ཡིང་སྤྱི་ཟླ་༢པའི་ཚེས་༡ཉིན་བརྗོད་བྱ་གཙོ་བོ་འཛམ་གླིང་ཧྲིལ་པོའི་སྟོབས་ཤུགས་དང་ས་ཁུལ་གྱི་བརྟན་ལྷིང་ཞེས་པའི་གྲོས་བསྡུར་ཚོགས་འདུར་ཞུགས་རྒྱུ་ཡིན་པ་རེད།

    མུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་སྤྱི་ལོ་༡༩༦༣ལོར་ཚོགས་འགོ་ཚུགས་པ་དང་། དེའི་གོང་ནུབ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་པའི་འབྲེལ་བས་གྲོས་གཞི་གཙོ་བོ་བྱས་པའི་རྒྱལ་སྤྱིའི་འགོག་སྲུང་ཚོགས་ཆེན་ཞེས་འབོད་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག