མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཀི་སི་ཐན་ཁྲིམས་ཁང་གིས་མུ་ཧྲ་ལ་ཧྥུ་འཛིན་བཟུང་བྱེད་དགོས་པའི་བཀའ་ཕབ་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:33

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཀི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཀི་སི་ཐན་གྱི་དམིགས་བསལ་ཁྲིམས་ཁང་གིས་སྤྱི་ཟླ་༡པོའི་ཚེས་༣༡ཉིན་ཙུང་ཐུང་མུ་ཧྲ་ལ་ཧྥུ་འཛིན་བཟུང་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། མུ་ཧྲ་ལ་ཧྥུ་ཕྱི་རྒྱལ་དུ་སྨན་བཅོས་བྱེད་པར་འགྲོ་རྒྱུའི་རེ་ཞུར་མོས་མཐུན་བྱས་མེད་པ་རེད།

    དམིགས་བསལ་ཁྲིམས་ཁང་གིས་ཉིན་དེ་གར་མུ་ཧྲ་ལ་ཧྥུར་དམིགས་པའི་ཁག་ཐེག་གློད་འགྲོལ་གཏོང་ཆོག་པའི་འཛིན་བཟུང་བཀའ་རྒྱ་བཏང་བ་མ་ཟད། མུ་ཧྲ་ལ་ཧྥུ་སྔར་བཞིན་ཕྱི་རྒྱལ་དུ་འགྲོ་མི་ཆོག་པའི་མི་སྣ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་མུ་ཧྲ་ལ་ཧྥུ་ཕྱི་རྒྱལ་དུ་སྨན་བཅོས་བྱེད་པར་འགྲོ་རྒྱུའི་རེ་ཞུ་དང་ལེན་བྱས་མེད། གཞན་ཡང་ཁྲིམས་ཁང་གིས་ཁྲིམས་རའི་འདྲི་རྩད་ཉིན་མོ་སྤྱི་ཟླ་༢པའི་ཚེས་༧ཉིན་བར་ནར་འགྱངས་བཏང་ཡོད་པ་རེད།

    སྤྱི་ལོ་༢༠༠༧ལོའི་སྤྱི་ཟླ་༡༡པར། སྐབས་དེ་དུས་ཕ་ཀི་སི་ཐན་གྱི་ཙུང་ཐུང་དང་སྐམ་དམག་གི་དྲག་ཇུས་དམག་དཔོན་གྱི་འགན་གཅིག་ལྕོགས་འཁུར་མཁན་མུ་ཧྲ་ལ་ཧྥུས་རྫ་དྲག་དུས་བབ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་མ་ཟད། ཁྲིམས་དཔོན་༦༠ལྷག་ཙམ་གྱི་འགན་གནས་མེད་པ་བཟོས་ཡོད། བྱེད་སྟངས་དེ་རྩ་ཁྲིམས་ལས་འགལ་བའི་ཉེས་གསོག་དོགས་པ་ཡོད་པས། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡༡པར། ཕ་ཀི་སི་ཐན་གཞུང་ཕྱོགས་ཀྱིས་མུ་ཧྲ་ལ་ཧྥུས་རྒྱལ་ཁབ་ལ་ངོ་ལོག་པའི་ཉེས་དོན་སྐྱོན་འཛུགས་ལ་དམིགས་པའི་ཞུ་གཏུག་འགྲོ་ལུགས་གཉེར་འགོ་ཚུགས་ཡོད་པ་རེད།

    མུ་ཧྲ་ལ་ཧྥུས་སྤྱི་ལོ་༢༠༠༨ལོའི་ཟླ་བ་༨པར་ཙུང་ཐུང་གི་འགན་གནས་དགོངས་ཞུ་བྱས་པ་དང་། སྤྱི་ལོ་༢༠༠༩ལོར་དབྱིན་ཇེར་བསྡད་ཡོད། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༣པར་ཕ་ཀི་སི་ཐན་དུ་ཕྱིར་ལོག་བྱས་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག