མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇི་དང་ཧྥ་རན་སིས་དམག་དོན་དང་རྡུལ་ཉིང་ཐད་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

རྩོམ་པ་པོ། བསྟན་འཛིན་རྣམ་རྒྱལ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:33

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེའི་ལུན་དང་ཧྥ་རན་སིའི་ཙུང་ཐུང་ཨའོ་ལང་ཏེ་སྤྱི་ཟླ་༡པོའི་ཚེས་༣༡ཉིན་དབྱིན་ཇིའི་ཉའུ་ཅིན་མངའ་སྡེའི་སྣོ་ཏུན་མཁའ་དམག་རྟེན་གཞིར་སྤྱི་ལོ་༢༠༡༤ལོའི་དབྱིན་ཇི་དང་ཧྥ་རན་སིའི་འགོ་གཙོའི་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། ཕྱོགས་གཉིས་པོས་དམག་དོན་དང་། རྡུལ་ཉིང་ནུས་པ། གནམ་གཤིས་འགྱུར་བ། བར་སྣང་ཁམས་ཀྱི་ལག་རྩལ་སོགས་ཁྱབ་ཁོངས་ཐད་རྒྱལ་ཁབ་གཉིས་པོའི་བར་གྱི་མཉམ་ལས་སྔར་བས་གཏིང་ཟབ་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་གཉིས་པོས་འཆར་གཞི་བྱས་ན་དབྱིན་ཇིའི་རྡུལ་ཉིང་མཚོན་ཆའི་ཞིབ་མཇུག་གསར་སྤེལ་རྟེན་གཞིར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་རྡུལ་ཉིང་མཚོན་ཆའི་གྲབས་གསོག་ཐད་བདེ་འཇག་གི་བརྟག་དཔྱད་བྱ་རྒྱུ་དང་ཚན་ཞིབ་གྲངས་གཞི་དེ་བས་མང་བ་མཉམ་སྤྱོད་བྱ་རྒྱུ་ཡིན་པ་རེད། དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་པོས་ད་དུང་མཉམ་དུ་བདེ་འཇགས་ཀྱི་རྡུལ་ཉིང་ནུས་པ་གོང་འཕེལ་གཏོང་རྒྱུའི་ཐད་འབད་བརྩོན་བྱ་རྒྱུ་དང་མཉམ་དུ་རྡུལ་ཉིང་གློག་ཁང་གསར་པ་རྒྱག་རྒྱུ། ་མཉམ་ལས་བྱས་ཏེ་གནམ་གཤིས་འགྱུར་བར་ཁ་གཏད་བཅག་ནས་ཡོ་རབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྦགས་བཙོག་འབུད་བཤངས་ཉུང་གཏོང་གི་ཇུས་གཞི་བཟོ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག