མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཆེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོང་གཉེར་ཡོང་འབབ་ཀྱིས་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་བསྐྲུན་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:33

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཆེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ་༡པོའི་ཚེས་༣༡ཉིན་ཟུར་གསལ་བྱས་པར་གཞིགས་ན། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་༡༣ཟིན་པ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་ལོ་རྒྱུས་ཐོག་གི་ཟིན་ཐོ་མཐོ་ཤོས་བསྐྲུན་ཡོད། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་བྲིན་ཚོང་པུའི་ཀྲུའུ་རིན་མན་ཉི་ཝེ་ཆེས། ཁོང་ཚོས་ཀུང་སི་༥༠ལྷག་ཙམ་དང་མཉམ་ལས་འབྲེལ་བ་འཛུགས་པ་དང་། ཡོང་འབབ་ནི་སྐབས་གོང་མའི་ཝེན་ཀེ་ཧྭ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལྡབ་༡དང་གྲངས་ཆུང་༥ཡིན་ཞེས་གསུངས་ཡོད་པ་རེད།

    སོ་ཆེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྤྱི་ཟླ་༢པའི་ཚེས་༧ཉིན་ནས་ཚེས་༢༣ཉིན་བར་གཉེར་རྒྱུ་ཡིན་པ་དང་། ལོ་རྒྱུས་ཐོག་འགྲོ་སོང་ཆེ་ཤོས་ ཟེར་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེར་ཨ་རུ་སུས་ཧ་ལམ་ཨ་སྒོར་དུང་ཕྱུར་༥༠༠བཏང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག