མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་ཕན་གྱི་དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་མཚོན་ཆ་ཕྱིར་གཏོང་བྱེད་པའི་རྩ་དོན་གསར་པ་བཟོ་རྒྱུ་ཡིན་ཞེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:05

    ཨན་པེ་ཡིས་ཀུང་མིང་ཏང་གི་འགོ་འཛིན་ཧྲན་ཁུ་ན་ཅིན་ནན་གྱིས་བཏོན་པའི་དྲི་བར་ལན་རྒྱག་སྐབས། མཚོན་ཆ་ཕྱིར་གཏོང་བྱེད་པའི་རྩ་དོན་གསུམ་གྱི་ནུས་པར་བསམ་གཞིགས་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་མཚོན་ཆ་ཕྱིར་གཏོང་བྱེད་པའི་རྩ་དོན་གསར་པ་བཟོ་དགོས། རྩ་དོན་གསར་པར་གཤམ་གྱི་ཕྱོགས་ཁག་བསམ་གཞིགས་བྱེད་དགོས་པ་སྟེ། རྒྱལ་ཁབ་གཞན་ལ་ཕྱིར་གཏོང་བྱེད་མི་ཆོག་པའི་མཚོན་ཆའི་ཐད་གཏན་འབེབས་གསལ་པོ་བྱེད་པ་དང་། ཕྱིར་གཏོང་བྱེད་ཆོག་པའི་མཚོན་ཆར་ཞིབ་བཤེར་ནན་པོ་བྱེད་པ། རྒྱལ་ཁབ་གསུམ་པར་གནས་སྒྱུར་བྱེད་པའི་མཚོན་ཆར་དོ་དམ་ཡག་པོ་བྱེད་པའི་འགན་ལེན་བྱེད་པ་སོགས་ཡིན་ཞེས་བསྟན་ཡོད་པ་རེད། ན་ནིང་། ལྗར་ཕན་སྲིད་གཞུང་གིས་བཟོས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་འཐབ་ཇུས་ནང་མཚོན་ཆ་ཕྱིར་གཏོང་བྱེད་པའི་རྩ་དོན་གསུམ་ལ་བཟོ་བཅོས་རྒྱག་རྒྱུ་ཡིན་ཞེས་བཏོན་ཡོད། ལྗར་ཕན་གསར་འགྱུར་ལས་རིགས་ཀྱིས། མཚོན་ཆ་ཕྱིར་གཏོང་བྱེད་པའི་རྩ་དོན་གསུམ་ལ་བཟོ་བཅོས་རྒྱབ་ཚེ་དམག་འཁྲུག་རྗེས་ལྗར་ཕན་གྱི་བདེ་སྲུང་སྲིད་ཇུས་ཀྱི་འགྱུར་བ་འགྲོ་ས་གལ་ཆེན་ཞིག་ལ་འགྱུར་བཟོ་ཡོད་པ་དང་། དེས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ལྗར་ཕན་གྱི་དམག་ཤུགས་རྒྱ་སྐྱེད་གཏོང་བར་དོགས་ཟོན་ཆེན་པོ་བྱེད་ངེས་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག