མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཁོ་རེ་ཡའི་གསར་འགྱུར་ལས་རིགས་ཀྱིས་ཁོ་རེ་ཡ་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱ་རྒྱུའི་རེ་འབོད་བྱས་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:05

    བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་ཚགས་པར་ངལ་རྩོལ་གསར་འགྱུར་ཞེས་པའི་ཐོག་སྤྱི་ཚེས་༢༨ཉིན་མིང་རྟགས་བཀོད་པའི་རྩོམ་ཡིག་སྤེལ་ནས། ཁོ་རེ་ཡ་ཕྱེད་གླིང་ཕྲན་ལྷོ་བྱང་གི་འབྲེལ་བ་གང་མགྱོགས་ལེགས་བཅོས་བྱས་ནས། བློ་ཐག་ཆོད་པོས་མི་རིགས་གཅིག་པ་ཁ་གཏད་དུ་ལངས་བའི་རྣམ་པ་མཚམས་འཇོག་བྱེད་དགོས་པའི་རེ་འབོད་བྱས་ཡོད། རྩོམ་ཡིག་ནང་། རང་མི་རིགས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས། མེས་རྒྱལ་གཅིག་གྱུར་དང་ཞི་བདེ་དར་རྒྱས་ཀྱི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་ནི། བྱང་ཁོ་རེ་ཡའི་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཤིག་ཡིན་ཞེས་ནན་བཤད་བྱས་ཡོད་པ་དང་།

    རྩོམ་ཡིག་ནང་། ཁོ་རེ་ཡ་ཕྱེད་གླིང་ཕྲན་ལྷོ་བྱང་གི་འབྲེལ་བ་ནི་ཧ་ཅང་དམིགས་བསལ་ཞིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཞིག་མིན་ཞེས་བསྟན་ཡོད་པ་དང་། རྩོམ་ཡིག་ནང་། དུས་ཡུན་རིང་པོ་ཁ་གཏད་དུ་ལངས་པའི་རྐྱེན་གྱིས། ཕྱོགས་གཉིས་པོའི་བར་ཕན་ཚུན་ཡིད་ཆེས་མེད་པར་འགྱུར་ཡོད། ཡིན་ནའང་ཡང་དག་པའི་ལྟ་སྟངས་རྒྱུན་འཁྱོངས་བྱས་ཚེ། དེ་དག་ནི་མེད་པ་བཟོ་བ་ཐུབ་པ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག