མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྤྱི་ཟླ་གཉིས་པར་ལྗར་ཕན་གྱི་ཕྱི་འབྲེལ་བློན་ཆེན་ནས་ཨ་རིར་འཚམས་འདྲི་བྱ་རྒྱུ་ཡིན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:05

    གནས་ཚུལ་སྤེལ་བར་གཞིགས་ན། ལྗར་ཕན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐན་ཝན་ཞོང་གིས་སྤྱི་ཟླ་༢པའི་ཚེས་༧ཉིན་ཨ་རིར་འཚམས་འདྲི་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་དོན་བློན་ཆེན་ཁེ་ལེ་དང་མཇལ་མོལ་བྱ་རྒྱུ་ཡིན་པ་རེད། དབུ་ཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ན་ནིང་ལོ་མཇུག་ཏུ་ཅིན་གོ་མེས་པོའི་ཆོས་ཁང་ལ་གུས་མཇལ་བྱས་རྗེས། ཨ་རིའི་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས་བློ་ཕམ་པའི་རྣམ་པ་བསྟན་ཡོད་པ་དང་། ལྗར་ཕན་དང་ཨ་རིའི་འབྲེལ་བར་གནོད་འཚེ་བཟོས་ཡོད། དབྱེ་ཞིབ་མི་སྣས། འགལ་ཟླ་བྱུང་བའི་ལྗར་ཕན་དང་ཨ་རིའི་འབྲེལ་བ་གང་མགྱོགས་ལེགས་བཅོས་བྱེད་པ་དང་། སླར་ཡང་ཨོ་པ་མ་སྲིད་གཞུང་གི་ཡིད་ཆེས་ཐོབ་པ་བྱ་རྒྱུ་ནི་ཨན་ཐན་ཝན་ཞོང་གིས་ད་རེས་ཨ་རིར་འཚམས་འདྲི་བྱེད་པའི་དམིགས་ཡུལ་གྱི་གྲས་ཤིག་ཡིན་པ་རེད།

    གྲོས་མོལ་ནང་། ཕྱོགས་གཉིས་པོས་བྱང་ཁོ་རེ་ཡའི་གནས་བབས་དང་། ཀྲུང་གོ་དང་ལྗར་ཕན་གྱི་འབྲེལ་བ། ལྗར་ཕན་དང་ལྷོ་ཁོ་རེ་ཡའི་འབྲེལ་བ། དེ་བཞིན་ཨ་རིའི་དམག་གི་ཕུ་ཐན་ཅན་རྟེན་གཞི་གནས་སྤོས་བྱེད་པ་སོགས་ཀྱི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག