མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་ཕྱོགས་ཁག་ནས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནས་བབ་སྡུག་ཏུ་འགྲོ་རྒྱུར་བཀག་འགོག་བྱེད་དགོས་པའི་རེ་འབོད་བྱས་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:04

    ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སྤྱི་ཚེས་༢༩ཉིན་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག་ཨ་རིའི་རྒྱལ་དོན་ཁང་གི་བྱང་ཁོ་རེ་ཡའི་སྲིད་ཇུས་ཀྱི་དམིགས་གསལ་སྐུ་ཚབ་ཏེ་ཝེ་སེས་ཀྲུང་གོར་འཚམས་འདྲི་གནང་བའི་གནས་ཚུལ་སྐོར་ངོ་སྤྲོད་གནང་སྐབས། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཡེ་སུས་ཏེ་ཝེ་སེ་དང་མཇལ་འཛོམས་གནང་ཡོད་པ་དང་། ཀྲུང་གོའི་སྲིད་གཞུང་གི་ཁོ་རེ་ཡ་ཕྱེད་གླིང་ཕྲན་བྱ་དོན་གྱི་དམིགས་གསལ་སྐུ་ཚབ་ཝུ་ཏ་ཝེ་ཡིས་ཏེ་ཝེ་སེ་དང་མཇལ་མོལ་གནང་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོ་དང་ཨ་རིས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནས་བབས་དང་ཕྱོགས་དྲུག་གྲོས་མོལ་སླར་གསོ་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱས་ཡོད། ཀྲུང་གོས་ཕྱེད་གླིང་ཕྲན་གནད་དོན་ཐད་ཀྱི་ལངས་ཕྱོགས་གསལ་བཤད་བྱས་ནས། ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱེད་གླིང་ཕྲན་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་ནས་གནད་དོན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོང་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག