མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བ་དེ་གནས་སྐབས་སུ་འཆར་གཞི་ལས་རྗེས་སུ་ལུས་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཁོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས28ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་ལས་བཤད་རྒྱུར། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བ་དེ་གནས་སྐབས་སུ་སྔོན་ནས་གཏན་འཁེལ་བྱས་པའི་འཆར་གཞི་ལས་རྗེས་སུ་ལུས་ཡོད་ཀྱང་། དེང་སྐབས་ཀྱི་འགོར་འགྱངས་ཀྱི་སྣང་ཚུལ་དེ་ཁྱད་དུ་གསོད་ཐབས་མེད་པ་ཞིག་མ་རེད་ཟེར།

ཕན་ཅི་བུན་གྱིས་ཚེས27ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བའི་སྙན་ཞུ་སྤྲད་པ་དང་། ཁོས་སྙན་ཞུའི་ནང་བཤད་རྒྱུར། འདས་པའི་ཟླ་ངོ་གཉིས་ཀྱི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱ་རྒྱལ་ཁབ་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ཐད་རོགས་སྐྱོར་ཆེན་པོ་བྱས་ཀྱང་། བདེ་འཇགས་དང་མཁོ་སྒྲུབ། ལག་རྩལ་སོགས་གནད་དོན་འདུས་པའི་རྒྱུ་རྐྱེན་མང་བོས་བྱ་བའི་འཕེལ་རིམ་གྱི་མྱུར་ཚད་ཇེ་དལ་དུ་བཏང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག