མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་བཞིའི་ལོར་པའོ་ལོ་ཏི་རྒྱ་མཚོའི་ཉེ་འདབས་ས་ཁུལ་དུS400རྟགས་ཅན་གྱི་འཕུར་མདའ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱི་གསར་འགྱུར་ཅུའུ་ཡི་འགན་ཁུར་བ་ཁི་ཆེ་ཐི་ཁི་ཧྥུའུ་ཡིས་ཚེས28ཉིན་བཤད་རྒྱུར། ནུབ་ཕྱོགས་དམག་ཁུལ་གྱིས་ཉིས་སྟོང་བཅུ་བཞིའི་ལོར་རང་གི་དོ་དམ་མངའ་ཁོངས་སུ་ཡོད་པའི་ཅཱ་ལི་ཉིན་ཀི་ལེ་ཀྲིག་ཏུS400རྟགས་ཅན་གྱི་ས་ངོས་ནས་བར་སྣང་ལ་དམིགས་པའི་འཕུར་མདའི་མ་ལག་ཆ་ཚང་གཉིས་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར།

ཁི་ཆེ་ཐི་ཁི་ཧྥུའུ་ཡིས་བཤད་རྒྱུར། འཕུར་མདའི་མ་ལག་དེ་གཉིས་ནི་ཨུ་རུ་སིའི་ནུབ་བྱང་ཕྱོགས་ཀྱི་མཁའ་སྲུང་མ་ལག་གི་གྲུབ་ཆར་འགྱུར་སྲིད་པ་དང་། ཉེ་ལམ་ཨུ་རུ་སིའི་མཁའ་དམག་དང་མཁའ་སྲུང་དམག་དཔུང་ནུབ་ཕྱོགས་དམག་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་འཕུར་མདའི་མ་ལག་དེ་གཉིས་ཀྱི་ལག་རྩལ་གསར་བའི་ཐད་ནས་གསོ་སྦྱོང་བྱ་འགུལ་སྤེལ་རྒྱུ་རེད་ཟེར།

ས་གཤིས་ཀྱི་དམིགས་བསལ་རང་བཞིན་དབང་གིས་ཨུ་རུ་སིའི་ཅཱ་ལི་ཉིན་ཀི་ལེ་ཀྲིག་གི་དམག་དོན་བཀོད་སྒྲིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་སྲིད། ཅཱ་ལི་ཉིན་ཀི་ལེ་ཀྲིག་དེ་ཨུ་རུ་སིའི་མངའ་ཁོངས་དང་འབྲེལ་མེད་པའི་གནས་ཤིག་ཡིན་ཞིང་། ལྷོ་ནས་ཕོ་ལན་དང་བྱང་ཤར་དང་ཤར་ཕྱོགས་ནས་ལི་ཐའོ་ཝན་ལ་འབྲེལ་ཡོད་པ་དང་། ལྟེ་གནས་གྲོང་ཁྱེར་ཅཱ་ལི་ཉིན་ཀི་ལེ་དེ་ཧྭ་ཧྲ་དང་བར་ཐག་སྤྱི་ལེ་བཞི་བརྒྱ་ཙམ་ཡོད་ལ། པའོ་ལིན་དང་ཀི་པིན་ཧཱ་ཀིན། སི་ཏི་ཀི་ཨར་མའོ་བཅས་དང་བར་ཐག་སྤྱི་ལེ600ཙམ་ཡོད།

2013ལོའི་ཟླ12པར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཅཱ་ལི་ཉིན་ཀི་ལེ་ཀྲིག་ཏུ་དབྱི་སི་ཁན་ཏི་ཨར་འཕུར་མདའི་མ་ལག་བཀོད་སྒྲིག་བྱེད་རྒྱུའི་གནས་ཚུལ་བདེན་དཔང་བྱས། ཨུ་རི་སི་རྒྱལ་ཁབ་ཀྱིས་ས་ཁུལ་དེར་འཕུར་མདའི་མ་ལག་བཀོད་སྒྲིག་བྱས་པ་ནི་ཨ་མེ་རི་ཁས་ཡོ་རོབ་གླིང་དུ་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་པར་ངོ་རྒོལ་བྱེད་པའི་བྱེད་ཐབས་ཤིག་ཡིན་པར་བསམ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག