མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་གིས་མུ་མཐུད་དུ་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས27ཉིན་ཨན་ཁཱ་ལཱ་ནས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཐུར་ཁེ་ཡོ་རོབ་གླིང་མན་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཡང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཇུག་སྒྲིལ་རྗེས་དམངས་ཡོངས་ཀྱིས་འདེམ་ཤོག་འཕང་ནས་བརྡས་ཐག་གཅོད་དགོས་པའི་རེ་བ་བཏོན།

ཨོ་ལིང་ཏི་ནི་ལོ་ངོ་ཉེར་གཉིས་རིང་ཐུར་ཁེ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་བྱས་པའི་ཧྥ་རན་སིའི་མགོ་གཙོ་ཐོག་མ་ཡིན་ཞིང་། ཨོ་ལིང་ཏི་ཡིས་ཐུར་ཁེའི་ཙུང་ཐུང་ཅུའུ་ཨར་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། རྒྱུ་མཚན་ནི་གྲོས་མོལ་གྱི་ནང་དོན་རེ་འགའ་དབང་གསུམ་ཁ་ཁར་བྱེད་པ་དང་། གཞི་རྩའི་ཁེ་དབང་། བཅའ་ཁྲིམས་དང་ཁྲིམས་འཛིན་གྱི་ཆོས་ཉིད་བཅས་ལ་འབྲེལ་བ་ཡོད་པས་ཡིན་ཟེར།

ཅུའུ་ཨར་གྱིས་ཐོག་མར་ཨོ་ལིང་ཏི་ཡི་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་སྐོར་གྱི་རྣམ་འགྱུར་བཟང་བོར་བཀའ་དྲིན་ཞུས་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འདེམ་སྒུག་རྒྱལ་ཁབ་ཀྱི་ཐོབ་ཐང་ལ་བཀག་རྒྱ་བཟོ་མི་རུང་བའི་རེ་བ་བཏོན། ཁོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་གྱི་བརྒྱུད་རིམ་ནི་འོས་ཤིང་འཚམ་པའི་བརྒྱུད་རིམ་ཞིག་ཡིན་པ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་དངོས་གཞིའི་ཁོངས་མིར་གྱུར་བ་མིན་པས། ཆབ་སྲིད་ཐད་ཀྱི་བཀག་རྒྱ་ཡང་བསྐྱར་མི་ཐེབས་པར་རེ་བས་ཁེངས་ཡོད་ཟེར།

གསར་འགོད་པའི་སྣེ་ལེན་ཚོགས་འདུ་མ་བསྡུས་གོང་། ཧྥ་རན་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་མཉམ་ལས་དང་། ཉིང་རྡུལ་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་སོགས་གྲོས་མཐུན་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག