མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁུ་པཱ་རུ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས27ཉིན་ཁུ་པཱ་རུ་འཚམས་འདྲི་བྱས་པ་དང་། གནས་དེར་སྤེལ་རྒྱུ་ཡིན་པའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

ཕན་ཅི་བུན་རྒྱལ་ས་ཧཱ་ཝ་ནཱ་རུ་འབྱོར་སྐབས་ཡིག་ཐོག་གི་གཏམ་བཤད་སྤེལ་ཏེ། རང་ཉིད་ཀྱིས་ཁུ་པཱའི་མི་རིགས་དཔའ་བོ་ཧི་སེ་མཱ་ཏིས་ལ་རྗེས་དྲན་བྱེད་པའི་སྐབས་སུ་ཁུ་པཱ་རུ་འཚམས་འདྲི་བྱེད་པའི་སྐལ་བ་ལྡན་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར། ཁོས་སི་ཕན་སྐད་ཀྱིས་ཚང་མར་གུས་འདུད་

ཕན་ཅི་བུན་གྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་ལ་རེ་སྒུག་བྱེད་པའི་ཚུལ་བསྟན་པ་དང་། གྲོས་ཚོགས་དེས་མེ་གླིང་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་དང་སྟོབས་ཤུགས་འདོན་ཐུབ་ངེས་རེད་ཟེར། ཁོས་བཤད་རྒྱུར། གྲོས་ཚོགས་སྐབས་སུ་ཞི་བདེ་དང་བདེ་འཇགས། རྒྱུན་མཐུད་འཕེལ་རྒྱས་སོགས་གྲོས་གཞིའི་ཐད་ནས་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་རྒྱུ་ཡིན་ཟེར།

ཕན་ཅི་བུན་གྱིས་ད་རུང་བཤད་རྒྱུར། ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལའོ་ཨར་ཁཱ་སི་ཐི་ལོ་སོགས་མཐོ་རིམ་དཔོན་པོར་གྲོས་མོལ་བྱས་ཏེ། ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་མཉམ་དུ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཁུ་པཱ་རྒྱལ་ཁབ་དེ་འཕེལ་སྟངས་བསྒྱུར་བའི་དུས་རིམ་གལ་ཆེན་དུ་གནས་ཡོད་པས། ཁུ་པཱའི་དཔོན་རིགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེའི་ཁྲོད་ནུས་པ་ག་འདྲ་འདོན་ཆོག་པར་གྲོས་བསྡུར་བྱེད་འདོད་ཡོད་ཟེར།

མིག་སྔར་ད་རུང་ཕན་ཅི་བུན་གྱིས་ཁུ་པཱ་རུ་འཚམས་འདྲི་བྱེད་སྐབས་ཁུ་པཱའི་གསར་བརྗེའི་མགོ་ཁྲིད་པ་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་མིན་གསལ་བོར་མི་ཤེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག