མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་མཐོ་རིམ་གྲོས་ཚོགས་ནས་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དང་བུའུ་ཁི་ལན་གྱི་གནས་བབ་དེ་གྲོས་གཞི་གཙོ་བོར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས27ཉིན་བསྟན་དོན། ཚེས་ཉེར་བརྒྱད་ཉིན་སྤེལ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་མཐོ་རིམ་གྲོས་ཚོགས་སྟེང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། འགྲོ་མིའི་ཐོབ་ཐང་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། བསྒྲགས་པ་ལྟར་ན་ཉོ་ཚོང་ཐད་ཀྱི་འགལ་བ་དང་བུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ནི་གྲོས་བསྡུར་གྱི་ནང་དོན་གཙོ་བོ་རེད་ཟེར།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཁ་ཕྱོགས་དང་ངོ་བོ་མཚོན་པའི་གོ་སྐབས་ཤིག་ཡིན་པ་དང་། འགལ་བ་མང་བོར་གྲོས་བསྡུར་དང་དག་འབུད་བྱེད་དགོས་ཀྱང་ཕྱོགས་གཉིས་ཀྱི་རྒྱ་ཆེ་བའི་ཐུན་མོང་ཁེ་ཕན་གྱིས་མཉམ་ལས་བཟང་བོར་ཡར་སྐུལ་བྱེད་ཐུབ་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཉིན་དེར་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས་ཕན་འབྲས་བཟང་བོ་བརྩོན་ལེན་བྱེད་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མི་སྣས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་མཐོ་རིམ་གྲོས་ཚོགས་སྟེང་བུའུ་ཁི་ལན་གྱིས་རྒྱལ་ནང་གི་དྲག་ཤུགས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཡང་། གྲོས་ཚོགས་གྲོལ་རྗེས་དོན་དེའི་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་མི་སྲིད་ཟེར། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ་ཉོ་ཚོང་གི་འགལ་བའི་གནད་དོན་ཐད་ནས་འབྲེལ་འདྲིས་བྱེད་རྒྱུའི་རེ་བ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། པཱ་ལོ་ཙོ། ཧྥན་ལུང་ཕའེ། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་བཅས་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག