མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་དང་སུའེ་ཙེར་གྱིས་བུའུ་ཁི་ལན་གྱིས་གྲོས་མོལ་ལ་བརྟེན་ནས་རྒྱལ་ནང་གི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་འཕྲིན་གཏོང་ཁང་གིས་ཚེས27ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕོ་ལན་གྱི་ཙུང་ཐུང་ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་ཉིན་དེར་ཧྭ་ཧྲ་ནས་འཚམས་འདྲིར་ཡོང་བའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་པའོ་ཁི་ཧཱ་ཨར་ཐི་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཕོ་ལན་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་བུའུ་ཁི་ལན་གྱིས་གྲོས་མོལ་ལ་བརྟེན་ནས་རྒྱལ་ནང་གི་གནད་དོན་ཐག་གཅོད་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། ཕོ་ལན་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ་རྣམ་པ་མི་འདྲ་བའི་མཉམ་ལས་འཚོལ་ཞིབ་བྱེད་དགོས་པ་དང་། ཕོ་ལན་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ན་སུའེ་ཙེར་ལ་མཚོན་ན་འགུག་ཤུགས་ཆེན་པོ་ཡོད་པ་དང་། སུའེ་ཙེར་དར་རྒྱས་འཕེལ་རྒྱས་བྱུང་ནས་ལོ་མང་བོ་འགོར་ཡོད་པས་ཕོ་ལན་གྱིས་སུའེ་ཙེར་གྱི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་བཟུང་ཆོག་ཟེར། ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་ད་རུང་སུའེ་ཙེར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ངལ་རྩོལ་པའི་རང་དབང་འཁོར་རྒྱུག་ཐད་བྱ་བ་གང་མང་བསྒྲུབས་པར་བཀའ་དྲིན་ཞུས།

པའོ་ཁི་ཧཱ་ཨར་ཐི་ཡིས་ཕོ་ལན་དུ་འཚམས་འདྲི་བྱེད་སྐབས་ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་ར་བཅིངས་འགྲོལ་བཏང་ནས་ལོ་ངོ་རེ་དགུ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག