མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་དྲག་ཆས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་ཉུང་མཐར་ཡང་མི61རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ས་གནས་དཔོན་རིགས་ཀྱིས་ཚེས27ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ཏཱ་མཱ་ཝ་ཀྲིག་དང་པའོ་ཨར་ནོའུ་ཀྲིག་ནས་ཚེས26ཉིན་དྲག་ཆས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི61རྐྱེན་ལམ་དུ་ཤོར་ཟེར།

ས་དེའི་བདེ་འཇགས་མི་སྣས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས26ཉིན་ནེ་ཀྲི་རི་ཡཱའི་བྱང་ཕྱོགསག་ཀྱི་ཨ་ཏཱ་མཱ་ཝ་ཀྲིག་མཱ་ཏཱ་ཅཱ་ལེ་ས་ཁུལ་གྱི་ཞིང་སྡེའི་ཆོས་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། མི15ལ་རྨས་ཕོག མཱ་ཏཱ་ཅཱ་ལེ་ས་ཁུལ་གྱི་སྲིད་གཞུང་དཔོན་པོ་བུའུ་ལཱ་ལཱ་མུའུ་ཡིས་གསར་འགོད་པར་གནས་ཚུལ་དེ་བདེན་དཔང་བྱས་ཀྱང་། ཁོས་དོན་རྐྱེན་དེའི་གནས་ཚུལ་ཞིབ་ཏུ་གླེང་མེད།

དེ་ལས་གཞན་ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གི་ཁུང་ཏུའུ་ཅཱ་ས་ཁུལ་གྱི་ཞིང་གྲོང་ཞིག་ལ་ཚེས26ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པའི་འཇབ་རྒོལ་ཐེབས། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི52རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དམག་མི1ཡོད་ཟེར།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་དྲག་ཆས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག