མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་སྔ་སྣུར་གྱིས་འདེམ་ཤོག་འཕེན་པའི་ཉིན་མོར་ཟིང་འཁྲུག་ཆེན་པོ་བསླངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:24

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ནི་ཐེ་གོའི་འདེམ་བསྐོའི་སྔ་སྣུར་གྱིས་འདེམ་ཤོག་འཕེན་པའི་ཉིན་མོ་ཡིན་པ་དང་། རྒྱལ་ས་མན་ཀུའུ་དང་ཐེ་གོའི་ལྷོ་ཕྱོགས་ས་ཁུལ་གྱི་འདེམ་ཤོག་འཕེན་ས་བཅུ་ཕྲག་ལྷག་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ངོ་རྒོལ་བྱ་འགུལ་སྤེལ་ཏེ། འདེམ་ཤོག་འཕེན་པའི་བྱ་བ་རྒྱུན་ལྡན་ངང་སྤེལ་ཐབས་བྲལ་བར་མ་ཟད། དྲག་ཤུགས་རྐྱེན་བྱུང་སྟེ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་གྱི་མགོ་ཁྲིད་པ་ཞིག་ལ་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དགུ་ལ་རྨས་ཕོག དབྱེ་ཞིབ་མི་སྣས་བཤད་རྒྱུར། ཚེས་ཉེར་དྲུག་ཉིན་གྱི་དྲག་ཤུགས་འཁྲུག་རྩོད་ལས་ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་འདེམ་བསྐོའི་བྱ་འགུལ་ལ་གནོད་པ་ཚབས་ཆེན་བཟོ་སྲིད། གལ་ཏེ་འདེམ་བསྐོའི་ཉིན་མོར་ཡང་བསྐྱར་སྣང་ཚུལ་དེ་འདྲ་བྱུང་ན། འདེམ་བསྐོའི་བྱ་འགུལ་ལ་ཕམ་ཉེས་འབྱུང་སྲིད་ཟེར། ཨ་མེ་རི་ཁའི་དུས་སྐབས་ཞེས་པའི་གཟའ་འཁོར་དུས་དེབ་ལས་དབྱེ་ཞིབ་བྱས་དོན། མན་ཀུའུ་གྲོང་ཁྱེར་ངོ་རྒོལ་བྱ་འགུལ་གྱི་དབང་གིས་ཡང་བསྐྱར་ཟང་ཟིང་དུ་བཏང་ཡོད་པ་དང་། ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་འདེམ་བསྐོའི་བྱ་འགུལ་དེ་དུས་ལྟར་སྤེལ་ཐུབ་མིན་གང་ཡིན་ཡང་དོན་སྙིང་ཅི་ཡང་མེད་ལ། འདེམ་ཤོག་འཕང་ནས་ཐེ་གོའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་ཐུབ་པར་མི་སུས་ཀྱང་ཡིད་ཆེས་བྱེད་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག