མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱིས་སྔ་སྣུར་སྒོས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས་ཀྱང་ཆབ་སྲིད་གནས་བབ་སྔར་བཞིན་ཟང་ཟིང་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་ནི་ཨེ་ཅིབ་ཀྱིས་མུའུ་པཱ་ལཱ་ཁིའི་སྲིད་དབང་རྩ་རྫོགས་བྱས་ནས་ལོ་གསུམ་འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། ཨེ་ཅིབ་རྒྱལ་ཡོངས་ནས་བྱུང་བའི་འཁྲུག་རྩོད་ལས་ཉུང་མཐར་ཡང་མི་ཞེ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་ཞེ་བདུན་ལ་རྨས་ཕོག ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཉུང་མཐར་ཡང་མི་སྟོང་གཅིག་དང་དོན་དགུ་འཛིན་བཟུང་བྱས་པ་དང་། དེ་དག་གིས་དྲག་ཤུགས་ལ་ངན་སྐུལ་དང་ཟིང་འཁྲུག་བསླངས་པའི་སྐྱོན་འཛུགས་ཐེབས་ཡོད་ཟེར།

ཨེ་ཅིབ་དམག་དཔུང་ལ་མཚོན་ན། ཚེས་ཉེར་ལྔ་ཉིན་ནི་གྱོང་གུད་ཚབས་ཆེན་ཐེབས་པའི་ཉིན་ཞིག་ཡིན་པ་དང་། དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ནུབ་བྱང་ས་ཁུལ་ནས་སར་ལྷུང་སྟེ་དམག་མི་ལྔ་རྐྱེན་ལམ་དུ་ཤོར། ཞི་ནེ་ཕྱེད་གླིང་དུ་ཡོད་པའི་འཇིགས་སྐུལ་རྩ་འཛུགས་ཡེ་ལུའུ་སཱ་ལེམ་རྒྱལ་ཁའི་དམག་དཔུང་གིས་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁས་ལེན་བྱས་པ་དང་། འཕུར་མདའ་འཕང་ནས་གནམ་གྲུ་སར་འཕང་བ་ཡིན་ཟེར།

ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཞི་ནེ་ཞིང་ཆེན་བྱང་མ་ནས་དམག་མི་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་བགྲོད་སྐབས་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག