མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས་བྱིས་པ5རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཧིན་ཀུའུ་ས་ཁུལ་ནས་ཚེས26ཉིན་གྱི་ཕྱི་དྲོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་བྱིས་པ5འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཧིན་ཀུའུ་ས་ཁུལ་གྱི་སྡོད་ཁང་ཞིག་གི་ཕྱི་རོལ་ནས་བྱུང་བ་དང་། འགས་གཏོར་ལས་ཁང་བའི་ཕྱི་ངོས་ལ་གཏོར་བརླག་ཚབས་ཆེན་ཐེབས། དོན་རྐྱེན་བྱུང་སྐབས་ར་བའི་ནང་རྩེད་མོར་གཡེང་བའི་བྱིས་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། འགས་གཏོར་ཁྲོད་རྨས་ཕོག་པའི་བྱིས་པ་གསུམ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སར་བཀག་སྡོམ་བྱས་ཏེ་རྟོག་ཞིབ་བྱས། མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག