མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ས་ཁོངས་གཞན་གྱི་དམག་དོན་ལ་ཤུགས་སྣོན་རྒྱུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཧྥུན་ཏི་ལེ་ཨིན་གྱིས་ཚེས26ཉིན་བཤད་རྒྱུར། མི་ཆོས་ཀྱི་རྒྱུ་རྐྱེན་ཁོ་ནའི་ཙམ་དུ་ཡིན་ཡང་འཇར་མན་གྱི་རྒྱལ་སྲུང་དམག་དཔུང་གིས་ས་ཁོངས་གཞན་པའི་ཉམས་ཉེན་ས་ཁུལ་གྱི་དམག་དོན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཧྥུན་ཏི་ལེ་ཨིན་གྱིས་འཇར་མན་གྱི་མེ་ལོང་ཞེས་པའི་གཟའ་འཁོར་དུས་དེབ་སྟེང་སྤེལ་བའི་ཆེད་དོན་བཅར་འདྲིའི་ནང་བསྟན་དོན། འཇར་མན་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་སྲུང་དམག་དཔུང་གི་རྒྱལ་སྤྱིའི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཤིང་། སྔར་ལས་མང་བའི་རྒྱལ་སྤྱིའི་འགན་འཁྲི་དང་དུ་ལེན་དགོས། གལ་ཏེ་རྒྱལ་ཁབ་ཅིག་གིས་ནམ་རྒྱུན་དམག་དོན་བཀོད་སྒྲིག་ཐད་སེམས་ཆུང་དང་རང་ཚོད་བཟུང་ནས་རྒྱལ་ཁབ་གཞན་པའི་གོམ་འགྲོས་དང་མ་བསྟུན་ན། ཡོ་རོབ་གླིང་གིས་འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་ཁྲོད་ནུས་པ་ཐོན་དཀའ་ཟེར།

ཧྥུན་ཏི་ལེ་ཨིན་གྱིས་བཤད་རྒྱུར། དུས་ཡུན་རིང་བོར། ཡོ་རོབ་གླིང་ས་ཁུལ་གྱི་རྒྱལ་ཁབ་དམག་དཔུང་གིས་ཡོ་རོབ་གླིང་གི་དམག་དཔུང་གི་ཚབ་བྱེད་དགོས། རེ་འདོད་དེ་མངོན་འགྱུར་བྱེད་པར་དུས་ཚོད་ངེས་ཅན་དགོས་བ་དང་། གྲོས་ཁང་གི་བཀག་རྒྱར་འཕྲད་སྲིད་ཀྱང་། མཉམ་འབྲེལ་དམག་དཔུང་ནི་ཡོ་རོབ་གླིང་གི་སྔར་ལས་ཇེ་མང་དུ་འགྲོ་བཞིན་པའི་དམག་དོན་མཉམ་ལས་ཀྱི་དགོས་ངེས་ཀྱི་མཇུག་འབྲས་ཡིན་ཟེར།

འཇར་མན་གྱི་ཨ་ཧྥེ་རི་ཁ་གླིང་གི་དམག་དོན་བྱ་བ་གླེང་སྐབས་ཧྥུན་ཏི་ལེ་ཨིན་གྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་འཁྲུག་རྩོད་བྱུང་བས་འཇར་མན་གྱིས་དེར་སྣང་དོགས་མི་བྱེད་པར་ས་ཁུལ་ཡོངས་ལ་འཁྲུག་རྩོད་དེའི་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་ལ། འཇར་མན་དམག་དཔུང་གིས་ཨ་ཧྥེ་རི་ཁ་དབུས་མ་རྒྱལ་ཁབ་ལ་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་མངག་གཏོང་བྱས་ཏེ་རྨས་ཕོག་པའི་དམག་མི་སྐྱེལ་ལེན་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག