མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སའི་ཉེ་འདབས་ཀྱི་ཚོང་ར་ཞིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་མཱ་ལི་ལན་ཀྲིན་པཱ་ཨར་ཏི་མའོ་ཡི་ཉེ་འདབས་ས་ཁུལ་གྱི་ཚོང་ར་ཆེན་པོ་ཞིག་ནས་ཚེས25ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། མིག་སྔར་དོན་རྐྱེན་དེ་ལས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་ལྔ་ལ་རྨས་ཕོག ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དེའི་ནང་འདས་པོ་གཅིག་ནི་མེ་མདའ་རྒྱག་མཁན་རེད་ཟེར།

ཨ་མེ་རི་ཁའི་ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཁ་པར་ཞུ་གཏུག་འབྱོར་ཏེ། མི་ཞིག་གིས་བརྩེགས་རིམ་གཉིས་ཅན་གྱི་ཉོ་ཚོང་ལྟེ་གནས་དེ་ནང་མེ་མདས་བརྒྱབ་པ་རེད་ཟེར། ཉེན་རྟོག་པ་ཉོ་ཚོང་ལྟེ་གནས་དེར་འབྱོར་རྗེས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔ་ལ་རྨས་ཕོག་ཡོད། དེའི་ནང་འདས་པོ་གཅིག་གི་བེམ་པོ་མེ་མདའི་ཉེ་འགྲམ་དུ་ཡོད།

ཉོ་ཚོང་ལྟེ་གནས་དེ་རྒྱལ་ས་ཝ་ཧྲིན་ཏོན་བྱང་ངོས་ཀྱི་སྤྱི་ལེ་ཞེ་བརྒྱད་ཀྱི་མཚམས་སུ་ཡོད་པ་དང་། དེའི་ནང་ཚོང་ཁང་ཉིས་བརྒྱ་ལྷག་ཡོད།

མཱ་ལི་ལན་ཀྲིག་ཧའོ་ཧྭ་ཏི་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འཇིགས་ཉེན་མེད་པར་བརྡར་གཅོད་བྱས་རྗེས་ཉེན་རྟོག་ཕྱོགས་ཀྱིས་ཉོ་ཚོང་ལྟེ་གནས་ཀྱི་མང་ཚོགས་རྣམས་ཕྱིར་འགྲོ་བར་ཆོག་མཆན་བཀོད། ཉེན་རྟོག་ཕྱོགས་ཀྱིས་ད་རུང་ཤི་བོའི་ཐོབ་ཐང་གསལ་བོར་ཤེས་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག