མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་འཇར་པན། རྒྱ་གར་བཅས་ཀྱིས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཚེས25ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བསྡད་དེ་རྒྱ་གར་དུ་འཚམས་འདྲིར་སོང་བ་དང་། ཉིན་དེའི་ཕྱི་དྲོར་རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་གྲོས་མོལ་བྱས། གྲོས་མོལ་ལས་འཇར་པན་རྒྱལ་ཁབ་བདེ་འཇགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་ཀུའུ་ནེ་ཀྲིན་ཐེ་ལིང་དང་རྒྱ་གར་རྒྱལ་ཁབ་བདེ་འཇགས་འགན་སྲུང་གི་བློ་འདོན་པས་དུས་བཅད་ལྟར་གྲོས་མོལ་བྱེད་པའི་ལམ་ལུགས་འཛུགས་རྒྱུ་མ་ཟད། ད་ལོར་ཨ་མེ་རི་ཁདང་འཇར་པན། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་གྱི་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཐག་བཅད།

གྲོས་མོལ་བྱེད་སྐབས། ཨན་པའེ་ཅིན་སན་དང་ཞིན་ཀི་གཉིས་ཀྱིས་འཇར་པན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དམག་དོན་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་། ཨ་མེ་རི་ཁ་དང་འཇར་པན། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་གྱི་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་ལས་གཞན། འཇར་པན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་སོ་སོར་གྲོས་མོལ་བྱས་ཏེ། འཇར་པན་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་དམག་དོན་གྱི་གྲོས་མོལ་ནང་རྐྱེན་འཛུགས་རྒྱུ་རེད།

འཇར་པན་ཕྱི་འབྲེལ་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིན་ཀི་ཡིས་གྲོས་མོལ་བྱེད་སྐབས་ཨན་པའེ་ཅིན་སན་གྱིས་བཏོན་པའི་ཞི་བདེ་རིང་ལུགས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དེ་ནི་འཛམ་གླིང་ཡོངས་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཚོན་ན་བྱས་རྗེས་གལ་ཆེན་ཞིག་ཡིན་པར་འདོད། རྒྱལ་ཁབ་གཉིས་ཀྱིས་ད་རུང་ཕྱོགས་ཡོངས་ནས་འཐབ་ཇུས་རྒྱལ་སྤྱིའི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འཐད་པ་བྱུང་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག