མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབར་མའི་ས་གནས་དྲག་ཆས་ཚོགས་ཁག་བཅུ་བདུན་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་གཉིས་པ་ཚེས25ཉིན་གྲོལ། གྲོས་ཚོགས་ལ་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་དག་གིས་གྲོས་ཚོགས་ཀྱི་གསལ་སྒྲོག་ནང་། ཀྲུང་དབྱང་སྲིད་གཞུང་བར་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ་སྔ་མོ་ནས་ཆབ་སྲིད་གྲོས་མོལ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

སྐབས་འདིའི་གྲོས་ཚོགས་ཚེས20ཉིན་ནས་ཚེས25ཉིན་བར་ཁི་ལོན་མི་རིགས་མནའ་འབྲེལ་གྱིས་ཚོད་འཛིན་བྱེད་པའི་ལོས་ཝ་ས་ཁུལ་ནས་སྤེལ་བ་དང་། གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་བཅུ་བདུན་དང་སློབ་མའི་དྲག་ཆས་རྩ་འཛུགས་གཅིག་གི་འཐུས་མི་གྲོས་ཚོགས་ལ་ཞུགས། སྐབས་འདིའི་གྲོས་ཚོགས་སྟེང་། གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་ཀྱིས་ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་མཐུན་འགོད་པ་དེ་མ་འོངས་པར་སྲིད་གཞུང་བར་ཆབ་སྲིད་གྲོས་མོལ་བྱེད་པའི་རྩ་དོན་རྨང་གཞིར་གྲོས་བསྡུར་བྱས། དེའི་ནང་རྩ་དོན་སྟེང་ནས་སྲིད་གཞུང་གིས་ནམ་རྒྱུན་རྒྱུན་འཁྱོངས་བྱེད་པའི་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་། དེ་ནས་ད་གཟོད་ཐུན་མོང་གི་ཆབ་སྲིད་གྲོས་མོལ་བྱེད་པའི་ལངས་ཕྱོགས་དང་ལེན་བྱེད་པ་འདུས་ཡོད། ཆབ་སྲིད་ལྟ་ཞིབ་པས་བལྟས་ན། འབར་མའི་གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་ཀྱིས་སྐབས་འདིའི་གྲོས་ཚོགས་སྟེང་སྲིད་གཞུང་བར་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་དེ་ནས་ཆབ་སྲིད་གྲོས་མོལ་བྱེད་པར་འཐད་པ་བྱུང་བ་ནི། འབར་མའི་ཞི་བའི་འཕེལ་རིམ་ཐད་ནས་བླངས་པའི་འཕེལ་རིམ་གལ་ཆེན་ཞིག་ཡིན་པར་འདོད།

2011ལོའི་ཟླ3པར་སྲིད་བཟུང་བའི་ཚུན་ལ། ཙུང་ཐུང་ཝུའུ་ཏིན་ཧྲིན་གྱིས་མགོ་ཁྲིད་པའི་སྐབས་འདིའི་འབར་མའི་སྲིད་གཞུང་གིས་མི་རིགས་འགྲིག་མཐུན་ལ་ཡར་སྐུལ་གཏོང་བར་འབད་བརྩོན་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་བཅུ་ཕྲག་ལྷག་གི་བར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱུང་། མིག་སྔར། སྲིད་གཞུང་གིས་དྲག་ཆས་རྩ་འཛུགས་ཚང་མའི་བར་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག