མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཐོག་དང་པོར་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རི་ནེ་ཝ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་གིས་ཚེས25ཉིན་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་ཉིན་དེའི་སྔ་དྲོར་ཝན་གོ་ཕོ་བྲང་ནས་ཐད་ཀར་གྲོས་མོལ་བྱེད་མགོ་བརྩམས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལཱ་ཞེ་མུས་ཀྱི་མགོ་འཛིན་འོག སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་ཚེས25ཉིན་གྱི་སྔ་དྲོ་ནས་བཟུང་ཐད་ཀར་གྲོས་མོལ་བྱེད་མགོ་བརྩམས། དེ་ནི་སི་རི་ཡཱའི་ཉམས་ཉེན་བྱུང་ནས་ལོ་ངོ་གསུམ་འགོར་བའི་རིང་ཕྱོགས་གཉིས་ཀྱིས་ཐོག་དང་པོར་ཐད་ཀར་གྲོས་མོལ་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སི་རི་ཡཱའི་འཐུས་མི་ཅཱ་ཧྥ་ལི་ཡིས་གྲོས་མོལ་མ་བྱས་གོང་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་གིས་རྣམ་འགྱུར་བཟང་བོ་བཟུང་ནས་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། དེ་ནི་ང་ཚོ་འདིར་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཟེར།

པུའུ་ལཱ་ཞེ་མུས་ཀྱིས་ཚེས24ཉིན་བསྟན་དོན། སི་རི་ཡཱའི་ཕྱོགས་ཁག་གཉིས་ཀྱི་འཐུས་མིས་ཚེས25ཉིན་ནས་བཟུང་སྐོར་ཐེངས་དང་པོའི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཚེས25དང་ཚེས26ཉིན་གཉིས་ལ་གྲོས་མོལ་བྱས་རྗེས་གཟའ་འཁོར་རྗེས་མར་ཉིན་འགར་ངལ་གསོ་བྱེད་རྒྱུ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག