མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས23ཉིན་གྱི་དགོང་མོར། སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་འཐུས་མིས་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་། ཆབ་སྲིད་ཉེས་ཅན་ལ་འབྲེལ་བའི་མི་རིགས་འགྲིག་མཐུན་གྱི་གྲོས་ཆོད་བཀོད།

དེ་ནི་སུའུ་ཏན་ལྷོ་མའི་སྲིད་འཛིན་ཏང་སུའུ་ཏན་མི་དམངས་བཅིངས་འགྲོལ་འགུལ་སྐྱོད་ནང་ཁུལ་དུ་ན་ནིང་ཟླ12པའི་ཚེས15ཉིན་ཆབ་སྲིད་ཉམས་ཉེན་བྱུང་བ་ལས། གཞི་རྒྱ་ཆེ་བའི་དྲག་ཆས་འཁྲུག་རྩོད་དོན་རྐྱེན་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཐོག་མ་ཡིན་པ་དང་། ང་ཚོས་སུའུ་ཏན་ལྷོ་མས་འཁྲུག་རྩོད་མཚམས་བཞག་སྟེ་ཞི་བདེའི་ཕྱོགས་སུ་བསྐྱོད་པའི་རེ་བའི་འོད་སྣང་མཐོང་བྱུང་།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་དང་པོའི་ནང་དོན་གཙོ་བོ་ནི། ཟླ་འདིའི་ཚེས25ཉིན་ནས་བཟུང་། ཕྱོགས་གཉིས་ཀྱིས་དམག་དོན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་རྒྱུ་དེ་རེད། དེ་ལས་གཞན་ཡིག་ཆ་དེ་ལས་ཕྱོགས་གཉིས་ཀྱིས་མི་སེར་དཀྱུས་མར་དཔུང་འཇུག་བྱེད་མཚམས་འཇོག་པ་དང་དྲག་ཤུགས་བྱ་སྤྱོད་ཡོད་ཚད་མཚམས་བཞག་སྟེ། བྱིས་པ་དང་བུད་མེད། ལོ་ལོན་བཅས་ལ་སྲུང་སྐྱོབ་བྱས་ནས་མི་ཆོས་རིང་ལུགས་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་ལ་རྒྱུ་ལམ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད། ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་གཉིས་པའི་ནང་དོན་ལས། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་གྱིས་སྲིད་འགྱུར་གྱི་དབང་གིས་འཛིན་བཟུང་བྱས་པའི་ཆབ་སྲིད་ཉེས་ཅན་སྲོག་ཐར་ལ་བཏང་ནས་ཁོ་ཚོ་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ནང་ཞུགས་སུ་འཇུག་དགོས་པའི་རེ་བ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག