མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པས་འཇར་པན་གྱིས་ནུས་ཤུགས་ཡོད་དགུས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་དུ་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་པའོ་ཨིན་སི་ཡིས་ཚེས་ཉེར་བཞིའི་ཉིན་འཇར་པན་གྱིས་ལོ་རྒྱུས་ཀྱི་ངོས་ཟིན་སོགས་གནད་དོན་གཙོ་བོ་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ནུས་ཤུགས་ཡོད་དགུས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

པའོ་ཨིན་སི་ཡིས་ཉིན་དེའི་དགོང་མོར་འཇར་པན་དུ་ཡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཉིན་དེར། པའོ་ཨིན་སི་ཡིས་འཇར་པན་རྒྱལ་སྲུང་བློན་ཆེན་ཞའོ་ཡེ་སི་བུའུ་ཏེན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁའི་ཕྱོགས་ཀྱིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་ལས་ཇེ་སྡུག་ཏུ་སོང་བའི་འཇར་པན་དང་ཀྲུང་གོ། འཇར་པན་དང་ཧན་གོའི་བར་གྱི་འབྲེལ་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། འཇར་པན་གྱིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

པའོ་ཨིན་སི་ཡིས་དེའི་སྔོན་ཧན་གོ་དང་ཀྲུང་གོར་འཚམས་འདྲི་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག