མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨེ་ཅིབ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས24ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་དང་ཉེ་འཁོར་ས་ཁུལ་ནས་ཉིན་དེར་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་བྱ་སྤྱོད་དེ་རིགས་ནི་དམིགས་ཡུལ་དང་རྒྱུ་མཚན་ཅི་འདྲ་ཞིག་གི་ཆེད་དུ་ཡིན་ཡང་ཁྲིམས་ཀྱི་རྒྱ་ལས་ཐར་ས་མེད་ཟེར། ཕན་ཅི་བུན་གྱིས་གནོད་ཐེབས་མཁན་གྱི་ཁྱིམ་མི་དང་ཨེ་ཅིབ་སྲིད་གཞུང་། མི་དམངས་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། འཇབ་རྒོལ་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་དང་ཉེ་འཁོར་ས་ཁུལ་ནས་ཚེས24ཉིན་བསྟུད་མར་བདེ་འཇགས་སྡེ་ཁག་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་ཙམ་ལ་རྨས་ཕོག ན་ནིང་ཟླ་བདུན་པའི་ཚེས་གསུམ་ཉིན་མུའུ་ཨར་ཞི་ཡི་ཙུང་ཐུང་གི་ལས་འགན་བླངས་པའི་ཚུན་ལ། ཨེ་ཅིབ་རྒྱལ་ནང་གི་དྲག་ཤུགས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། འཇིགས་སྐུལ་རིང་ལུགས་རྒྱ་ཡན་དུ་སོང་བ་དང་། བདེ་འཇགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག